ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་ གི་ཕན་འབྲས་ལ་ཞིབ་བཤེར་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-25



དཀར་མཛེས་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ལི་ཐང་རྫོང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་ གི་ཕན་འབྲས་ལ་ཞིབ་བཤེར་བྱེད།
པར་འདི་ནི་མཐོ་གྲོང་གྲོང་རྡལ་གྱི་སྒྲོག་འགྲེལ་བྱ་ཡུལ་རེད།


ཉེ་ཆར། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པ་དྲུག་པས་ལི་ཐང་རྫོང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་རེད།

སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་ཐོག ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཡོན་ཞུའུ་ཁྲོན་གྱིས་གོ་བདེ་ཤེས་ཤིང་སླ་བ་དང་། དོན་དངོས་དང་མཐུན་པ། མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་སྐད་ཆ་སྤྱད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོར་ངོས་འཛིན་གཏིང་གཟབ་བྱས་པ་རེད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཁྲིད་སྟོན་བྱེད་ཕྱོགས་དང་དམིགས་ཡུལ་གཙོ་བོ། གཙོ་གནད་ལས་འགན། 2035ལོའི་རྒྱང་རིང་དམིགས་ཡུལ་བཅས་ལ་གཞིགས་ནས་ཁུལ་དང་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དཀར་མཛེས་ཁུལ་གྱི་ས་གཞི་ཆེ་མོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པ་སོགས་ཀྱི་ཐད་གོ་བདེ་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད་པ་རེད།

དེ་དང་ཆབས་ཅིག་ཏུ་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པ་དྲུག་པའི་ཚོགས་གཙོ། ཁུལ་ཚན་རིག་ལག་རྩལ་ཅུས་ཀྱི་ཅུས་ཀྲང་ལིའུ་ཞུའེ་ལིན་གྱིས་མཐོ་གྲོང་གྲོང་རྡལ་དང་འཇའ་བ་གྲོང་རྡལ་དུ་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད། ཁོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ནང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྫོང་ཡོངས་སུ་རྣམ་པ་མང་བ་དང་། རིམ་པ་མང་བ། ཡོངས་སུ་ཁྱབ་པ་བཅས་ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མིའི་སེམས་ལ་ཟུག་པ་དང་གོ་དོན་མཐིལ་རྟོགས་ཡོང་བར་སྐུལ་འདེད་གཏང་དགོས། དྲིལ་བསྒྲགས་བྱེད་ཐབས་སྣ་ཚོགས་སྡེབ་སྒྲིག་དང་བཀོལ་སྤྱོད་བྱས་ཏེ་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་དང་གནས་འཕྲིན་སྤེལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱས་ནས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་། གསོན་ཉམས་ལྡན་པ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་དགོངས་དོན་ཤེས་པ་དང་ཉན་ཐུབ་པ། མཐོང་ཐུབ་པ་བཅས་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་ཁུངས་དང་གྲོང་སྡེ། སློབ་གྲྭ། སྨན་ཁང་། དགོན་སྡེ་བཅས་སུ་སྤེལ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་དགོས་ཞེས་བཤད་པ་རེད།

སྒྲོག་འགྲེལ་ལ་ཉན་རྗེས། འཇའ་བ་གྲོང་རྡལ་གྱི་གཞིས་མི་བློ་བཟང་གིས་ད་ཆ་ཏང་གི་སྲིད་ཇུས་སྔར་བས་ལེགས་སུ་ཕྱིན་ནས་དབུལ་སྐྱོར་གནད་སྨིན་བྱས་ཏེ་ལི་ཐང་གི་གྲོང་ཁྱེར་དང་གྲོང་སྡེའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་ལི་ཐང་དུ་ཡུལ་སྐོར་བ་ཡང་ཇེ་མང་དུ་ཕྱིན་ནས་ང་ཚོའི་ཡོང་འབབ་འཕར་སྣོན་བྱུང་བ་དང་།འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་ཕྱིན་ཡོད་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1