གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༥ཉིན།

༄༅།།ད་ནས་ཁ་ལག་འཕྲོ་བརླག་བཏང་ཚེ་ཆད་པ་འདི་འདྲ་ཕོག་པ་འདུག


         བཟའ་བཅའ་འཕྲོ་བརླག་གཏོང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།
         ཚེས་22ཉིན་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་། བཟའ་བཅའི་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་ཚོགས་འདུའི་ཐོག་གྲོས་ཞིབ་གནང་རྒྱུར་ཐེངས་དང་པོ་ཕུལ་ཡོད། འཆར་ཟིན་ནང་བཟའ་བཅའ་འཕྲོ་བརླག་གཏོང་བ་ནི“བདེ་འཇགས་ངང་བཟའ་རུང་བའམ་ཡང་ན་བཏུང་རུང་བའི་བཟའ་བཅའ་དེའི་བྱེད་ནུས་དང་དམིགས་ཡུལ་ལྟར་བེད་སྤྱོད་གཏོང་ཐུབ་མེད་པ”ཡིན་པ་ཁ་གསལ་བཏོན་ཡོད།

         གཅིག གཞུང་དོན་བྱེད་སྒོའི་བཟའ་བཏུང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཏེ། 
         འཆར་ཟིན་ནང་གཏན་འབེབས་བྱས་དོན། རིམ་ཁག་མི་དམངས་སྲིད་གཞུང་གིས་བཟའ་བཅའ་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།
         རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ལོ་ལྟར་བཟའ་བཅའ་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་སྒྲུབ་ཚུལ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།
         ལས་ཁུངས་དང་། གཞུང་ཁོངས་ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱིས་གཞུང་དོན་གྱི་སྣེ་ལེན་དང་། ཚོགས་འདུ། གསོ་སྦྱོང་སོགས་གཞུང་དོན་བྱེད་སྒོའི་ཁ་ལག་གི་ཚད་གཞི་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་བཏང་ནས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། 
         གཞུང་དོན་བྱེད་སྒོའི་ཁ་ལག་ལ་ཚད་ལྡན་ཅན་གྱི་བཟའ་བཏུང་ཁྱབ་གདལ་གཏོང་བ་དང་། ཁ་ལག་ཟ་མཁན་གྱི་མི་གྲངས་དང་ཁ་ལག་གི་ཚལ་གྲངས་ལ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས་པ་དང་། འཛད་སྤྱོད་པས་ཁ་ལག་ལེན་སྐབས། ཟ་ཁང་གིས་རང་འགུལ་ངང་ཁ་ལག་ཚད་རན་པོ་ལེན་དགོས་པའི་དྲན་སྐུལ་བྱེད་དགོས་ཤིང་ཁ་ལག་འཕྲོ་བརླག་བཏང་ཚེ་དེ་མཚུངས་ཀྱི་རིན་པ་བླངས་ཆོག
         གཉིས། འཆར་ཟིན་ནང་བཟའ་བཏུང་ཞབས་འདེགས་ཞུ་མཁན་ལའང་གཏན་འབེབས་བྱས་ཡོད་པ་སྟེ། 
         བཟའ་བཏུང་ཞབས་འདེགས་ཞུ་མཁན་གྱིས་རང་འགུལ་ངང་འཛད་སྤྱོད་པར་བཟའ་བཅའ་འཕྲོ་བརླག་གཏོང་མི་རུང་བའི་དྲན་སྐུལ་བྱེད་དགོས།
         འཛད་སྤྱོད་པས་དགོས་མཁོ་ལྟར་ཁ་ལག་འོས་འཚམ་ལེན་པར་མཛུབ་ཁྲིད་བྱས་ཏེ། ཁ་ལག་གི་ཚལ་གྲངས་དང་ཕོན་ལུགས་མཐུན་ངང་གཏན་འཁེལ་དང་། ཕོན་ཉུང་བའི་ཁ་ལག་སོགས་ཚད་གཞི་མི་འདྲ་བ་བཟོས་ནས། ཕ་རོལ་ལ་འདེམས་དུ་འཇུག་དགོས།
         བཟའ་བཏུང་ཞབས་འདེགས་ཞུ་མཁན་གྱིས་ཁ་ལག་འཕྲོ་བརླག་མང་པོ་གཏོང་མཁན་འཛད་སྤྱོད་པའི་ས་ནས་ལྟོ་ལྷག་གཙང་སེལ་གྱི་རིན་པ་བླངས་ཆོག

         གསུམ། ཁ་ལག་མང་པོ་ཟ་བ་དང་བག་མེད་ཟ་འཐུང་བྱེད་པ་དྲིལ་བསྒྲགས་བྱ་མི་རུང་།
         ད་དུང་འཆར་ཟིན་ནང་གཏན་འབེབས་བྱས་དོན། རླུང་འཕྲིན་ལས་ཁུངས་དང་། བརྙན་འཕྲིན་ལས་ཁུངས། དྲ་རྒྱའི་སྒྲ་བརྙན་འཕྲིན་ལམ་ཞབས་འདེགས་ཞུ་མཁན་བཅས་ཀྱིས་ཁ་ལག་མང་པོ་ཟ་བ་དང་བག་མེད་ཟ་འཐུང་བྱེད་པ་སོགས་བཟའ་བཅའ་འཕྲོ་བརླག་གཏོང་བ་སྒྲོག་སྤེལ་བྱེད་པའི་ལེ་ཚན་ནམ་སྒྲ་བརྙན་འཕྲིན་ལམ་གྱི་ཆ་འཕྲིན་བཟོས་པ་དང་། ཡོངས་བསྒྲགས། བརྒྱུད་བསྒྲགས་བཅས་བྱས་ཚེ། རླུང་འཕྲིན་བརྙན་འཕྲིན་གཙོ་གཉེར་སྡེ་ཚན་དང་དྲ་འཕྲིན་སྡེ་ཚན་གྱིས་སོ་སོའི་འགན་འཁྲི་ལྟར་ཁོ་ཚོར་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་ཆོག་པ་དང་ཐ་ཚིག་བསྒྲགས་ཆོག  
         ཡོ་བསྲང་མི་བྱེད་པའམ་གནས་ཚུལ་ཚབས་ཆེན་པོ་ཡོད་རིགས་ལ། སྒོར་ཁྲི་1ཡན་དང་ཁྲི་10མན་གྱི་དངུལ་ཆད་གཏོང་ཆོག་པ་དང་། འབྲེལ་ཡོད་ལས་སྒོ་གནས་སྐབས་མཚམས་འཇོག་དང་ཚོང་རྒྱག་མཚམས་བཞག་ནས་དག་ཐེར་བྱེད་དགོས་པའི་བཀའ་གཏོང་ཆོག་པ་མ་ཟད། ཐད་ཀར་འགན་འཁྲི་འཁུར་བའི་གཙོ་གཉེར་མི་སྣ་དང་དེ་བཞིན་ཐད་ཀར་འགན་འཁྲི་འཁུར་བའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་ཆོག
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1