གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༨ཉིན།

མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཞིབ་འཇུག་གི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་བ།


     ཀྲུང་གོ་གསར་འགྱུར་དྲ་བར་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གིས་སྒྲུབ་འགན་འཁུར་བའི“མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་གི་གཙོ་གནད་ཚོད་ལྟ་ཁང”འཛུགས་སྐྲུན་བྱེད་རྒྱུའི་རྣམ་གྲངས(གཤམ་དུ་ཚོད་ལྟ་ཁང་ཞེས་བསྡུ་རྒྱུ)ལ་ཞིབ་བཤེར་རྩིས་ལེན་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཚོད་ལྟ་ཁང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་གདེང་འཇོག་རིམ་པ་ནི་ཕུལ་བྱུང་ཡིན་པ་མ་ཟད། འབྱུང་འགྱུར་ཚོད་ལྟ་ཁང་གི་འཕེལ་རྒྱས་ལ་བསམ་འཆར་དང་གྲོས་འགོའང་བཏོན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2017ལོ་ནས་བཟུང་ཚོད་ལྟ་ཁང་གི་ཚོགས་པས་ཐང་ཀུའུ་ཐེ་པའེ་ཚི་དང་། ཞི་ཀུའོ་ཅའོ་ཧུའེ་ཞང་། དབྱི་ཡེ་ཆིང་ལན་སོགས་བོད་སྨན་རྩི་ཤིང་20ལྷག་གི་ཁྲག་ཚིལ་དམའ་རུ་གཏོང་བ་དང་། ཁྲག་མངར་དམའ་རུ་གཏོང་བ། རླུང་རློན་ཚིགས་གྲུམ་སྨན་བཅོས་དང་གཉན་ཁ་འགོག་པ། དབྱང་འགྱུར་འགོག་པ་བཅས་ཀྱི་དངོས་པོའི་རྨང་གཞིའི་ཞིབ་འཛུག་རྒྱུན་མཐུད་ངང་སྤེལ་ནས། འདྲེས་སྦྱོར་དངོས་རྗས་500ལྷག་ཙམ་དབྱེ་འབྱེད་གསལ་འབྱེད་བྱས་པ་རེད། ཁྲག་ཚིལ་དམའ་རུ་གཏོང་བ་དང་། ཁྲག་མངར་དམའ་རུ་གཏོང་བ། གཉན་ཁ་འགོག་པ། དབྱང་འགྱུར་འགོག་པའི་གྲུང་གཤིས་གྲུབ་ཆ་རིགས་20དང་གྲུང་གཤིས་རྐྱང་གཟུགས་འདྲེས་སྦྱོར་དངོས་རྗས་30ལྷག་ཙམ་གདམ་གསེས་བྱས་ཡོད།

     དུས་མཚུངས་སུ། སའེ་ལུང་རུས་པའི་ནང་གི་ET4གཟུགས་རྐྱང་གིས་རུས་པའི་གྲུམ་ནད་བཅོས་པའི་སྨན་ནུས་ནུས་པ་དང་དེ་བཞིན་ལམ་སྲོལ་ཞིབ་འཇུག བོད་སྨན་ཞི་ཀུའོ་ཅའོ་ཧུའེ་ཞང་ནང་གི་སྐྱེ་དངོས་བུལ་ཏོག་དང་དེའི་ཟུག་གཅོག་གཉན་འགོག་གི་གྲུང་གཤིས་ནུས་པའི་རྐྱེན་རྩ་ཞིབ་འཇུགམ་ལིན་ཀྲུང་གི་མེ་ཏོག་གི་མདོག་རྒྱུ་གདོད་མས་ཁྲག་མངར་དམའ་རུ་གཏོང་བའི་གྲུང་གཤིས་དང་བྱེད་ནུས་ལམ་སྲོལ་ཞིབ་འཇུག ཧུའུ་ལུའུ་པ་འདྲེས་སྦྱོར་དངོས་རྫས་ཀྱིས་ཏི་སེ་སྨི་སུང་ལས་བྱུང་བའི་སྐུད་རྡོག་གཟུགས་བྱེད་ནུས་དམས་སྐྱོན་ལེགས་བཅོས་ཀྱི་ཞིབ་འཇུག དེ་བཞིན་ཏུའུ་དབྱི་ཝེ་ནང་གི་ཧོང་སྨི་ཐིའེ་ཀན་རླུང་རློན་ཚིགས་གྲུམ་བཅོས་པའི་གྲུང་གཤིས་དང་རྐྱེན་རྩ་ཞིབ་འཇུག་བཅས་ལེགས་འགྲུབ་བྱུང་ཡོད།


     གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟ་ཁང་གིས་མཚོ་བོད་ས་མཐོའི་མི་འབོར་དང་བདེ་ཐང་ཐད་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་སྨན་ཞིབ་འཇུག་གསར་སྤེལ་གྱི་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ངེས་གནས་བྱས་པ་དང་། བོད་སྨན་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཚན་རིག་གི་གནད་དོན་དང་འགག་རྩའི་ལག་རྩལ་ལ་དམིགས་ནས། ཡུན་རིང་རྒྱུད་རིམ་ལྡན་པའི་སྒོ་ནས་བོད་སྨན་གྱི་རྨང་གཞི་དང་ཡོང་ཁུངས་དང་། དངོས་པོའི་རྨང་གཞི། དེང་རབས་ཅན་གྱི་འགག་རྩའི་ལག་རྩལ་དང་བོད་སྨན་གྱི་སྨན་རིགས་གསར་པ་ཤེས་རྟོགས་དང་གསར་བཟོ་བྱེད་པའི་ཐད་ཀྱི་ཞིབ་འཇུག་སྤེལ་ཏེ། བོད་སྨན་ཞིབ་འཇུག་བྱ་བ་འཕེལ་རྒྱས་དང་འབྲེལ་ཡོད་ཐོན་ལས་ལག་རྩལ་ཡར་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། (http://tibet.people.com.cn/15833736.html)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1