ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་རེ་བཞི་བ་དང་རེ་ལྔ་བ། རེ་དྲུག་པ། རེ་བདུན་པ། རེ་བརྒྱད་པ་བཅས་ཀྱི་སྟེང་མཚན་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-28


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་དྲུག་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་རེ་བཞི་བ་དང་རེ་ལྔ་བ། རེ་དྲུག་པ། རེ་བདུན་པ། རེ་བརྒྱད་པ་བཅས་ཀྱི་སྟེང་མཚན་བཀོད། 
        ཀྲུའུ་ཞིའི་བཀའ་རྒྱ་རེ་བཞི་བ་ལས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་སོན་མེད་པའི་མི་སྣས་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་བཅའ་ཁྲིམས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་སྟེང་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་བཟོ་བཅོས་བྱས་པ་དང་གྲོས་འཆམ་བྱུང་སྟེ་ད་ལྟ་ཁྱབ་སྒྲོག་བྱས་པ་ཡིན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་གཅིག་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 
        ཀྲུའུ་ཞིའི་བཀའ་རྒྱ་རེ་ལྔ་བ་ལས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་ལས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་གྲོས་འཆམ་བྱུང་སྟེ་ད་ལྟ་ཁྱབ་སྒྲོག་བྱས་པ་ཡིན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་གཅིག་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 
        ཀྲུའུ་ཞིའི་བཀའ་རྒྱ་རེ་དྲུག་པ་ལས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་བཅུ་གཅིག་པ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་སྟེང་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་གྲོས་འཆམ་བྱུང་སྟེ་ད་ལྟ་ཁྱབ་སྒྲོག་བྱས་པ་ཡིན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་གཅིག་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 
        ཀྲུའུ་ཞིའི་བཀའ་རྒྱ་རེ་བདུན་པ་ལས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བཅའ་ཁྲིམས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་སྟེང་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་བཟོ་བཅོས་བྱས་པ་དང་གྲོས་འཆམ་བྱུང་སྟེ་ད་ལྟ་ཁྱབ་སྒྲོག་བྱས་པ་ཡིན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་གཅིག་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 
ཀྲུའུ་ཞིའི་བཀའ་རྒྱ་རེ་བརྒྱད་པ་ལས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་སྟེང་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་སྤེལ་བའི་ཆོད་དོན་ལྟར། གཅིག་ནས་པཱ་ཐིར་གྱི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ལེན་པ་དང་། ཁྲིན་ཞའོ་ཅང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དུ་བསྐོ་འཇོག་བྱེད་རྒྱུ་རེད། གཉིས་ནས། ཧན་ཁྲང་ཧྥུའུ་ཡི་ཞིང་ལས་ཞིང་སྡེའི་པུའུ་ཡི་པུའུ་ཀྲང་གི་འགན་ལེན་པ་དང་། ཐང་རིན་ཅན་ཞིང་ལས་ཞིང་སྡེའི་པུའུ་ཡི་པུའུ་ཀྲང་དུ་བསྐོ་འཇོག་བྱེད་རྒྱུ་རེད། གསུམ་ནས་ཀྲུང་ཧྲན་གྱི་ཚོང་དོན་པུའུ་ཡི་པུའུ་ཀྲང་གི་འགན་ལེན་པ་དང་། ཝང་ཝུན་ཐའོ་ཚོང་དོན་པུའུ་ཡི་པུའུ་ཀྲང་དུ་བསྐོ་འཇོག་བྱེད་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1