གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༣༠ཉིན།

བདེ་སྐྱིད་ཀྱི་སྐལ་བཟང་མེ་ཏོག་འདབ་པའི་ཡུལ་དུ་བཞད།


དཀར་མཛེས་ཁུལ་གྱི་གཞོན་ནུ་གློག་རྡུལ་ཚོང་གཉེར་བ་དྲྭ་གྲགས་སྒྲོལ་མའི་གནས་ཚུལ་རགས་བཀོད།

བདེ་སྐྱིད་ཀྱི་སྐལ་བཟང་མེ་ཏོག་འདབ་པའི་ཡུལ་དུ་བཞད།


སྤྱི་ཟླ11པའི་ཚེས22ཉིན་གྱི་དགོང་མོར། སྒྲོལ་མར“ངས་གནས་མཆོག་དཀར་མཛེས་ཁུལ་གྱི་མགྲིན་ཚབ་པ་བྱེད”ཅེས་པའི་སྐབས་དང་པོའི་གཞོན་ནུ་གློག་རྡུལ་ཚོང་གཉེར་དྲྭ་གྲགས་པའི་གསེར་གྱི་རྟགས་མ་ཐོབ་སྐབས། གློག་ཀླད་ཅོག་ཙེའི་མདུན་དུ་དྲ་བའི་གནས་ཚུལ་གསར་སྒྱུར་བྱེད་བཞིན་པའི་ཁྱོ་ག་ཏུའུ་མོ་ཁུའེ་ལ་སེམས་འགུལ་ཆེན་པོ་ཐེབས། ཁོས་གཟི་བརྗིད་དེ་ནི་སྐུལ་འདེད་ཡིན་ལ་སྐུལ་ལྕག་ཅིག་ཀྱང་རེད། ང་ཚོས་མུ་མཐུད་དེ་ཕ་ཡུལ་གྱི་ལེགས་ཆའི་ཐོན་ཁུངས་དྲིལ་བསྒྲགས་དང་འོས་སྦྱོར་གང་ལེགས་བྱས་ནས་གྲོང་མི་དེ་བས་མང་པོར་ཡོང་འབབ་འཕར་རོགས་བྱེད་པ་དང་གྲོང་སྡེ་དར་རྒྱས་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་འབུལ་བཞིན་ཡོད་ཅེས་བཤད་པ་རེད།

སྒྲོལ་མས2017ལོ་ནས་བཟུང་བརྙན་ལམ་ཐུང་གྲས་སོགས་སྨྱན་སྦྱོར་གསར་པ་དང་འབྲེལ་གཏུག་བྱས་ཏེ་ཤ་མོ་འཐུ་བ་དང་དབྱར་རྩྭ་དགུན་འབུ་རྐོ་བ། དེ་མིན་ཞིང་འབྲོག་གི་བྲོ་བས་ཕྱུག་པའི་འཚོ་བའི་རྣམ་པ་སོགས་བརྙན་ལམ་འདྲ་མིན་གྱི་སྟེང་དུ་བཀོད་ཡོད་ཅིང་། 2020ལོའི་སྤྱི་ཟླ6པའི་བར་དྲ་བ་ཧྲིལ་པོར་དོ་ཁུར་བྱེད་མཁན་ཁྲི410དང་མགྱོགས་ལག་ཁྲི200 བརྗོད་དོན་གཙོ་བོའི་ཚན་ཁག་ཁྲི201ལྷག་ལ་སླེབས་ཡོད། 2018ལོར་སྒྲོལ་མ་བཟའ་ཟླ་གཉིས་པོས་བརྙན་ཐུང་བརྒྱུད་ནས་དབྱར་རྩྭ་དགུན་འབུ་ཁྲི1.5དང་བེ་ཤ་རྒྱ་མ1200 ཚགས་ཤ་སྐམ་པོ་རྒྱ་མ500ལྷག་བཙོངས་ནས་ཐོན་རྫས་སྤྱིའི་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི110ཡན་ལ་ཟིན་ཡོད། 2019ལོར་མོས་གྲོང་མི་ཚོར་སྒོར་ཁྲི10ལྷག་གི་བེ་ཤ་སྐམ་པོ་འཚོང་རོགས་བྱས་པ་དང་།སྤྱི་ཟླ5པ་ནས6པའི་བར་དབྱར་རྩྭ་དགུན་འབུ24000ལྷག་བཙོངས་པ།སྤྱི་ཟླ8པ་ནས9པའི་བར་བེ་ཤ་རྒྱ་མ5084བཅས་བཙོངས་ཏེ་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི410ལ་ཟིན་ཡོད་པ་རེད།

སྒྲོལ་མའི་མིང་ཆ་ཚང་ལ་སྐལ་བཟང་སྒྲོལ་མ་ཟེར་ཡང་དོ་ཁུར་བྱེད་མཁན400ལྷག་གིས་མོར་བེ་ཤ་འོས་སྦྱོར་བྱེད་མཁན་གྱི་མཛེས་མ་ཞེས་བསྔགས་བརྗོད་བྱེད་ཀྱིན་ཡོད། ལོ3གྱི་སྔོན་དུ་འདབ་པ་རྫོང་གི་གྲོང་ཁུལ་དུ་ཟ་ཁང་ལས་གཉེར་བྱེད་བཞིན་པའི་སྒྲོལ་མ་བཟའ་ཚང་གཉིས་པོས་ཕྱིར་ཕ་ཡུལ་དུ་ལོག་ནས་གློག་རྡུལ་ཚོང་གཉེར་བྱེད་མགོ་བཙུགས། དུས་དེ་ནས་བཟུང་ཁོ་གཉིས་ཀས་གྲོང་མི་སྣེ་ཁྲིད་དེ་ཞིང་ལས་ཐོན་རྫས་འདེབས་འཛུགས་མཉམ་ལས་ཁང་བཙུགས་ནས་ཕ་ཡུལ་གྱི་ཞིང་ལས་ཁྱད་ཆོས་ཐོན་རྫས་རྒྱལ་ཡོངས་དང་།ཐ་ན་འཛམ་གླིང་དུ་ཁྱབ་གདལ་བཏང་བས་སྐད་གྲགས་ལྡན་པའི་གྲོང་སྡེའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད་པ་རེད།

མགྱོགས་ལག་མཉེན་ཆས་སྤྱད་དེ་ཕ་ཡུལ་གྱི་ཞིང་ལས་ཐོན་རྫས་ ཕྱིར་འཚོང་བྱེད།

སྒྲོལ་མའི་ཁྱིམ་ནི་འདབ་པ་རྫོང་ཚེ་རོགས་ཡུལ་ཤོག་དགོན་སར་གྲོང་སྡེར་གནས་ཡོད་ཅིང་། བུ་མོ་དེའི་ཁྱིམ་ནས་འདབ་པ་རྫོང་གྲོང་དུ་སྐྱོད་སྐབས་ཐོག་མར་སྤྱི་ལེ་གསུམ་ཙམ་གྱི་རྩྭ་ཐང་བརྒྱུད་རྗེས་གཞི་ནས་གཞུང་ལམ་ནས་བསྐྱོད་དགོས། དེ་ནས་ཆུ་ཚོད་གཅིག་ཙམ་འགོར་རྗེས་རྫོང་གི་གྲོང་ཁུལ་དུ་སླེབས་ཐུབ་པ་རེད། མོས་རི་ཟས་ཐོན་དུས་རི་མགོར་དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་འཐུ་བར་འགྲོ་བ་དང་། དུས་ཚིགས་བརྒལ་རྗེས་མཛེས་ལྗོངས་ཁུལ་དུ་ཉིན་གླ་རྒྱག་པར་འགྲོ་བཞིན་ཡོད། དེ་དག་ནི་མོའི་སྔོན་ཆད་ཀྱི་འཚོ་བ་འབའ་ཞིག་ཡིན།

2017ལོའི་སྤྱི་ཟླ7པའི་ཚེས8ཉིན། མོ་རི་མགོར་དབྱར་རྩྭ་དགུན་འབུ་བརྐོ་བར་འགྲོ་སྐབས་གཞོན་ནུ་ཁ་ཤས་མཉམ་འཛོམས་བྱས་ཏེ་ཁ་པར་ལ་བལྟས་ནས་གད་མོ་དགོད་བཞིན་པ་མཐོང་། མོས་ཡ་མཚན་པའི་ངང་མདུན་དུ་སོང་ནས་རྩེད་མོ་ཅི་རྩེ་བཞིན་ཡོད་ཅེས་དྲིས། ཚང་མས་མགྱོགས་ལག་མཉེན་ཆསAPPཞིག་བསྟན་ནས་དེའི་སྤྱོད་སྟངས་དང་ནང་དོན་སྐོར་ནས་ངོ་སྤྲོད་བྱས། དེ་རྗེས་མོས་ཀྱང་ལག་ཁྱེར་ཁ་པར་བླངས་ནས་དུད་སྣེ་ཕབ་ལེན་བྱས་པར་མ་ཟད་རྩིས་ཐོའི་ཨང་གྲངས་ཐོ་འགོད་བྱས་ཏེ་མིང་ཡང་ཡིད་འཕྲོག་སྒྲོལ་མ་ཞེས་བཏགས། བྱ་སྤྱོད་ཆུང་ཆུང་དེས་མོའི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བཏང་ཡོད།

ཉིན་དེར། མོའི་བརྙན་ཐུང་དང་པོ་དེ་དབྱར་རྩྭ་དགུན་འབུ་རྐོ་བའི་བརྒྱུད་རིམ་ཐུང་ཐུང་ཞིག་བཏང་ཡོད། བརྙན་རིས་ཀྱི་རིང་ཚད་ལ་སྐར་ཆ་བརྒྱད་ཙམ་ལས་མེད་ཀྱང་སྐབས་དེར་དྲྭ་རྒྱ་མེད་པས་བརྙན་རིས་ཁྱབ་བསྒྲགས་བྱེད་ཐབས་མ་རྙེད། དེ་ནས་མོ་མཚོ་འཕགས་སྨི4500ཡོད་པའི་རི་མགོར་འཛེགས་ནས་བརྡ་རྟགས་རྙེད་དེ་བརྙན་ལམ་ཕྱིར་བཏང་རྗེས་ཁ་ཕྱིར་འཁོར་ནས་མུ་མཐུད་དུ་དབྱར་རྩྭ་དགུན་འབུ་འཚོལ། ཕྱི་ཉིན། མོས་ཡང་བསྐྱར་མགྱོགས་ལག་མཉེན་ཆས་ལ་བལྟས་དུས་བརྙན་ཐུང་གཏོང་ཚད་ཐེངས་ཁྲི50ལྷག་ལ་ཟིན་པས་མ་ཚད་དོ་ཁུར་བྱེད་མཁན3000ལྷག་མང་དུ་ཕྱིན་ཡོད།ད་དུང་མི་བརྒྱ་ཕྲག་ཁ་ཤས་ཀྱིས་དབྱར་རྩྭ་དགུན་འབུའི་རིན་གོང་འདྲི་རྩད་བྱས་པར་གཞིགས་ན་ཁོ་ཚོར་ཉོ་འདོད་དྲག་པོ་སྐྱེས་པ་འདྲ།ངས་རེ་རེ་བཞིན་དུ་འབྲེལ་གཏུག་བྱས་རྗེས་ཚོང་ལམ་བྲིན་པས་ཡོང་འབབ་སྒོར2000ལྷག་རག་བྱུང་ཞེས་བཤད།

སྒྲོལ་མའི་ཁྱོ་ག་ཏུའུ་མོ་ཁུའེ་ནི་སྔོན་ཆད་བརྡ་ཁྱབ་པར་ལེན་གྱི་ལས་ལ་ཞུགས་མྱོང་བས་ཁོ་གཉིས་ཀས་ཐད་གཏོང་ལས་སྟེགས་བརྒྱུད་ནས་ཁྱད་ཐོན་དངོས་རྫས་འཚོང་རྒྱུའི་ཐག་བཅད་ཡོད་ཅིང་།ཡིན་ནའང་། སྐབས་དེར་ཕ་མ་དང་གྲོང་ཚོ་གཅིག་པའི་མི་ཚོའི་བློར་འབབ་མ་ཐུབ་པ་རེད། ཉིན་ཞིག་ཀོང་ཏུང་གི་འགྲུལ་པ་ཞིག་སྒྲོལ་མའི་ཁྱིམ་དུ་ཡོང་ནས་དབྱར་རྩྭ་དགུན་འབུ2000ལྷག་ཙམ་ཉོ་རྩིས་བྱས་ཀྱང་སྐབས་དེར་མོའི་ཁྱིམ་དུ་དབྱར་རྩྭ་དགུན་འབུ300ཙམ་ལས་མེད་པས་མོས་མགྱོགས་མྱུར་དུ་ཁྱིམ་མཚེས་དུད་ཚང6ལ་སོང་ནས་ཁོ་ཚོའི་དབྱར་རྩྭ་དགུན་འབུ་འཚོང་རོགས་བྱས། དབྱར་རྩྭ་དགུན་འབུ་རེ་རེའི་རིན་གོང་ས་གནས་དེ་གའི་ཁྲོམ་རའི་རིན་གོང་ལས་བརྒྱ་ཆ10མཐོ་བ་ཞིག་རག་ཡོད་པས་དོན་དག་འདིས་སྒྲོལ་མ་ལ་ཐོན་རྫས་ཀྱི་མཚན་སྙན་བསྐྲུན་པར་མ་ཟད། རང་ཁྱིམ་གྱི་རི་ཟོག་བྲིན་ཁ་རྒྱུག་པའི་ཐོག་གྲོང་ཚོ་ཡོངས་ཀྱི་ཚོང་ཟོག་བྲིན་མི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས།

བདེ་སྐྱིད་ཀྱི་སྐལ་བཟང་མེ་ཏོག་འདབ་པའི་ཡུལ་དུ་བཞད།

མཉམ་ལས་ཁང་བཙུགས་ནས་གྲོང་མི་ ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བྱེད།

སྒྲོལ་མས་ཀོང་ཏུང་གི་སྐུ་མགྲོན་དང་ཉོ་ཚོང་བྱས་པ་ནས་བཟུང་། གྲོང་མི་སྣེ་ཁྲིད་དེ་ཐུན་མོང་ཐོག་དྲྭ་ཐོག་ཚོང་དོན་གྱི་ཚོང་ལམ་རྒྱ་སྐྱེད་བཏང་ནས་གྲོང་མི་དེ་བས་མང་པོར་ཁེ་བཟང་རག་ཐབས་བྱེད་པའི་བསམ་བློ་ཞིག་འཁོར་ཡོད། མོས་གྲོང་མི་ཚོ་དང་གྲོས་བསྡུར་བྱེད་སྐབས་ཐེ་ཚོམ་སྐྱེས་མཁན་མང་བ་ལས་མོས་མཐུན་བྱེད་མཁན་ཧ་ཅང་ཉུང་། སྐབས་དེར། མོས་ཀྱང་ཡི་མ་རང་བའི་རྣམ་འགྱུར་བཟུང་སྟེ་ཁྱིམ་དུ་ལོག་ནས་རང་ཉིད་ཀྱིས་དྲྭ་ཐོག་ཁྱབ་བསྒྲགས་བྱས་པའི་བརྙན་ལམ་དང་དྲྭ་གྲོགས་ཀྱི་དཔྱད་གཏམ་ལ་ཡང་དུ་བལྟས་རྗེས། ངེས་པར་དུ་གྲུབ་འབྲས་འགའ་གཞག་རྒྱུའི་ཐག་བཅད་དེ་ཚང་མར་ར་སྤྲོད་ཡག་པོ་ཞིག་བྱེད་དགོས་བསམ།

སྒྲོལ་མ་བཟའ་ཚང་གཉིས་པོས་ནང་མི་དང་གཉེན་ཉེ་ནི་ཚོད་ལྟའི་ཐོན་རྫས་སུ་རྩིས་ཀྱིན་ཡོད། གྲོང་མི་ཚོས་ཚོང་ཟོག་ཕྱིར་ཚོང་བྱེད་པའི་བརྒྱུད་རིམ་དང་། སྐུ་མགྲོན་དང་འབྲེལ་བ་བྱས་ཚུལ། ཁེ་སྤོགས་བགོ་བ་སོགས་ཀྱི་རྣམ་པ་མཐོང་དུས་གཞི་ནས་དོགས་འདྲིའི་སྐད་སྒྲ་ཉུང་དུ་ཕྱིན་པ་དང་ཁས་ལེན་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་སོང་ཡོད།སྤྱིར་གྲོང་མིའི་དབྱར་རྩྭ་དགུན་འབུ་དེ་དག་ལས་སླ་པོར་བྱུང་བ་ཞིག་མིན་མོད། འོན་ཀྱང་སྒྲོལ་མས་དོ་ཁུར་བྱེད་མཁན་ལ་འགན་ཁུར་བྱས་ཏེ་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་ཐད་འགན་ལེན་གང་ལེགས་དང་ཚོད་འཛིན་ཡག་པོར་བྱས་ཏེ་ལུགས་མཐུན་གྱི་རིན་གོང་ཐོག་ནས་འཚོང་བཞིན་ཡོད་པ་རེད།

2018ལོའི་སྤྱི་ཟླ5པར་དྲྭ་ཆེན་གྲོང་ཚོར་ཁྲིད་ཡོད་པ་དང་སྤྱི་ཟླ8པར་འདབ་པ་རུ་མྱུར་སྐྱེལ་སྤྱི་གཉེར་ཁང་ཞིག་བཙུགས་ཡོད་ཅིང་། སྒྲོལ་མ་ལ་མཚོན་ན་དེ་ནི་ཧ་ལས་པའི་གཏམ་བཟང་ཞིག་ལས་མ་འདས།དུས་མཚུངས་སུ་སྒྲོལ་མའི་དོ་ཁུར་བྱེད་མཁན་ཁྲི50ནས70བར་མང་དུ་ཕྱིན་པ་དང་།དེ་ནས་སླར་ཡང་ཁྲི100ནས200ལས་བརྒལ་ཡོད། སྒྲོལ་མས་དུས་ཚིགས་དང་བསྟུན་ནས་གཉེན་ཉེ་དང་གྲོང་མི།ཉེ་འཁོར་གྱི་ཞིང་འབྲོག་པའི་དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་ཡུལ་ཐོན་ཁྱད་རྫས་ཉོ་སྒྲུབ་བྱས་ནས་ཕྱིར་འཚོང་བྱས། སྒྲོལ་མས་གསར་འགོད་པར་དེ་སྔ་ང་ཚོས་གྲོང་མིའི་ལག་ནས་ཉོ་སྒྲུབ་བྱས་པའི་བེ་ཤ་རྣམས་ཉི་མར་ལྡེ་ནས་སྐམ་པོར་བྱེད་བཞིན་ཡོད་ཀྱང་དེའི་ཁ་དོག་ཞན་ལ་ངོས་སུ་བྱེ་རྡུལ་ཕྲ་མོའི་རིགས་སོགས་འབྱར་ཡོད་པས་བཙོང་རྗེས་བཤད་རྒྱུ་མང་པོ་འདུག མཉམ་ལས་ཁང་བཙུགས་རྗེས་དེའི་ནང་ནས་ཤ་མོ་ལེབ་མོར་གཏུབ་པ་དང་ཉི་སྐམ་བཏང་བ། ལས་སྣོན་བྱས་པ་བཅས་བྱས་མཐར་ཁ་དོག་བཟང་ལ་རྡུལ་ཕྲའང་མི་འདུག་པས་ཉོ་མཁན་ཚོའི་དགའ་བསུ་ཐོབ་བྱུང་ཞེས་བཤད། 2019ལོར་སྒྲོལ་མ་དང་ས་གནས་དེ་གའི་གྲོང་མི་ཚོ་ཡིད་འཕྲོག་སྒྲོལ་མའི་ཞིང་ལས་ཐོན་རྫས་མཉམ་ལས་ཁང་བཙུགས་ཏེ་གྲོང་མི་བརྒྱ་ཕྲག་ཁ་ཤས་ཀྱིས་དུས་ཡུན་ཟླ་བ5ཡི་རིང་ལ་ཡོང་འབབ་སྒོར་ཁྲི300ལྷག་རག་ཡོད་པ་རེད།

གྲོང་མི་བསོད་ནམས་ཚེ་རིང་གིས་མཉམ་ལས་ཁང་བཙུགས་རྗེས་ངའི་ནང་མི་ལ་ལ་རི་མགོར་བེ་ཤ་འཐུ་རུ་འགྲོ་བ་དང་། ལ་ལ་མཉམ་ལས་ཁང་དུ་ཤ་མོ་གཏུབ་བཞིན་ཡོད་པས་ཉིན་རེར་སྒོར150ཡི་ཡོང་འབབ་རག་གིན་ཡོད།མཉམ་ལས་ཁང་གིས་ང་ཚོར་སྤྲད་པའི་ཉོ་སྒྲུབ་རིན་གོང་དེ་ཁྲོམ་རའི་རིན་གོང་ལས་བརྒྱ་ཆ5ནས10བར་མཐོ་ཞིང་། ལོ་ལྟར་ཁྱིམ་ཚང་གི་སྤྱིའི་ཡོང་འབབ་དེ་སྔོན་ཆད་ཀྱི་རྨང་གཞིའི་ཐོག་སྒོར་ཁྲི2ནས3བར་མང་དུ་ཕྱིན་ཡོད་ཅེས་བཤད།

སྒྲོལ་མས་གྲོང་མི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་ཡོང་བར་ཧུར་བརྩོན་བྱས་མཐར་འཕྲལ་སྦྱོར་ཁག་དང་སྲིད་གཞུང་གི་དོ་ཁུར་ཐོབ་ཡོད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་གཙོ་རྒྱུན་འཕྲལ་སྦྱོར་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། བདེ་སྐྱིད་ལྡན་པའི་གྲོང་སྡེའི་སྣེ་ཁྲིད་པ་དང་གློག་རྡུལ་ཚོང་གཉེར་དབུལ་སྐྱོར་གྱི་སྔོན་ཐོན་མི་སྒེར། ཕུལ་བྱུང་གཙོ་གཏོང་། དཀར་མཛེས་ཁུལ་ལྔ་བཞིའི་གཞོན་ནུ་གསར་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་གཅིག་རྗེས་གཉིས་མཐུད་ངང་ཐོབ་ཡོད། ཞིང་སྡེའི་བུ་མོ་དཀྱུས་མ་ཞིག་འཛམ་གླིང་གི་ས་ཕྱོགས་ཀུན་ལ་གྲགས་པའི་བེ་ཤ་འོས་སྦྱོར་བྱེད་མཁན་གྱི་མཛེས་མ་ཞིག་ཏུ་གྱུར་ཡོད་པ་རེད།

མཐོར་འདེགས་གཏོང་བར་དམིགས་ཏེ་ཕ་ཡུལ་ གྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད།

སྒྲོལ་མས་ང་ཚོའི་གནས་ཚང་དེ་མི་རིང་བར་བསྐྲུན་ཚར་རེ་ཡོད། ཕྱིན་ཆད་ང་ཚོས་ཡུལ་སྐོར་བ་མང་པོ་ཞིག་དགོན་སར་གྲོང་སྡེར་ཁྲིད་ནས་ཁོ་ཚོར་དབྱར་རྩྭ་དགུན་འབུ་དང་བེ་ཤ་འཐུ་བའི་སྤྲོ་སྣང་ཉམས་སུ་མྱོང་བཅུག་རྒྱུའི་བསམ་གཞིག་ཡོད། དྲྭ་རྒྱའི་ལས་སྟེགས་དང་ཁྱད་ཆོས་ཡུལ་སྐོར་ཟུང་འབྲེལ་བྱས་ནས་ད་ཡོད་ཀྱི་དྲྭ་གྲོགས་རྣམས་ཕ་ཡུལ་དུ་མགྲོན་དུ་བོས་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུ་ཡིན། ང་ཚོས་ལས་སྟེགས་སྤྱོད་མཁན་ལ་མི་ཉི་ཤུ་ཙམ་ཤོང་པའི་དམངས་སྲོལ་རིག་གནས་ཅན་གྱི་ཡུལ་སྐོར་ཁང་པ་ཞིག་བསྐྲུན་རྗེས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་སྣེ་ལེན་བྱས་ཏེ་ཡོང་འབབ་འཕར་སྣོན་གཏང་རྒྱུ་ཡིན་ཞེས་བཤད།

ཉེ་ཆར། སྒྲོལ་མའི་ཐུམ་རྒྱ་སྦྲག་སྐྱེལ་ཚོང་ཁང་དུ་ཚགས་ཤ་སྐམ་པོ་དང་གུར་གུམ་མེ་ཏོག་སོགས་ཚོང་རྫས་གཞན་དག་བསྣན་ཡོད་ཅིང་། སྒྲོལ་མས་ང་ཚོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་ཁང་གི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་བསམ་བློ་གཏོང་བཞིན་ཡོད། ང་ཚོས་སྔོན་ཆད་ལས་པའི་ཐོན་རྫས་སྣེ་རྐྱང་ཡིན་པས་དབྱར་རྩྭ་དགུན་འབུ་དང་བེ་ཤ་འཐུ་བའི་དུས་ཚིགས་བརྒལ་རྗེས་ལས་ཀ་མི་འདུག་པས་བཞུར་ཚད་མང་པོ་ཆུད་ཟོས་སུ་གཏོང་གིན་འདུག དེའི་རྐྱེན་གྱིས་ང་ཚོའི་ས་ཁུལ་གཞན་དང་རིགས་གཞན་གྱི་ཞིང་ལས་ཁྱད་ཐོན་ཐོན་རྫས་ལ་ཚོད་ལྟ་བྱེད་དགོས་འདུག ཕྱིན་ཆད་ང་ཚོས་དཀར་མཛེས་ཁུལ་གྱི་རྫོང་སོ་སོའི་ཡུལ་ཐོན་ཁྱད་རྫས་ལ་དོ་སྣང་བྱས་ནས། རང་ནུས་གང་ཡོད་ཀྱིས་དཀར་མཛེས་ཁུལ་གྱི་དམིགས་བསལ་ཐོན་རྫས་ཚོང་ཁང་ཞིག་བཏོད་དེ་དཀར་མཛེས་ཁུལ་གྱི་སྤུས་ལེགས་ཐོན་རྫས་དག་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་གྲོགས་པོར་མཁོ་སྤྲོད་བྱ་རྒྱུ་ཡིན། མི་གཅིག་ཕྱུག་པོར་ཆགས་པ་ནི་མཐར་ཕྱིན་པའི་ཕྱུག་པོའི་གྲས་སུ་མི་འགྲོ་ཞིང་། གྲོང་མི་ཡོངས་རྫོགས་ཕྱུག་པོར་ཆགས་པ་ནི་གནད་དམ་པ་ཡིན་པས་དེའི་སྐོར་ནས་ཤུགས་རྒྱག་དགོས་འདུག་ཅེས་བཤད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1