བོད་ལྗོངས་ཀྱི་གངས་འཁྱག་ལུས་རྩལ་ལས་ཁུངས་དང་ཁེ་ལས་དང་བྱ་ལས་སྡེ་ཚན་དུ་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-31



          བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་ཆུ་ཚོད་གཉིས་ལྷག་གི་རིང་ལ་རླངས་འཁོར་བསྐོར་རྗེས་ཡངས་པ་ཅན་གྲོང་རྡལ་གྱི་ལྷོ་སྟོད་གངས་རིའི་གནས་སུ་སླེབས་ཤིང་། དགུན་ཁའི་ལྷོ་སྟོད་གངས་རིའི་འདབས་རོལ་དུ་གངས་ངོས་སྙོམ་ཞིང་འཁྱག་རིའི་གཟར་ཚད་ཆུང་བ་དང་། རི་འཛེག་ན་དཀའ་ཚེགས་ཅུང་ཆུང་བས།  ཉེ་བའི་ལོ་ཤས་ནང་འཁྱག་དར་ལ་ནི་བོད་ལྗོངས་སུ་གངས་འཁྱག་ལུས་རྩལ་དང་ཕྱི་རོལ་ལུས་རྩལ་ཤུགས་ཆེན་པོས་དར་སྤེལ་དུ་གཏོང་བའི་ཁྲོད་ཕྱི་རོལ་ཡུལ་གྱི་ལུས་རྩལ་ལ་དགའ་མོས་བྱེད་མཁན་ཚོས་གངས་འཁྱག་ལུས་རྩལ་ལ་ཉམས་ལེན་བྱེད་པའི་དམིགས་སའི་ཡ་གྱལ་ཞིག་ཏུ་གྱུར་ཡོད། 

ཉམས་ལེན་པ་རི་བོར་འཛེག་པའི་རྣམ་པ།
          ཟླ12པའི་ཚེས28ཉིན། རྒྱལ་ཡོངས་མང་ཚོགས་ཀྱི་གངས་འཁྱག་དུས་ཚིགས་སྐབས་བདུན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་གངས་འཁྱག་ལུས་རྩལ་ལས་ཁུངས་དང་ཁེ་ལས་དང་བྱ་ལས་སྡེ་ཚན་དུ་བསྐྱོད་པ་སྤེལ་བའི་བྱེད་སྒོ་སྐབས་གཉིས་པ་དེ་ལྷོ་སྟོད་གངས་རིའི་འདབས་རོལ་དུ་སྤེལ་ཞིང་། ཆེད་ལས་དགེ་རྒན་གྱིས་སྣེ་ཁྲིད་བྱས་ཏེ། ཐེངས་འདིའི་བྱེད་སྒོའི་སྟེང་ཞུགས་པའི་ཉམས་ལེན་པ་དག་ལྷོ་སྟོད་གངས་རིའི་སྨི5300-5900ཡི་གངས་ཐིག་ལ་རི་འཛེག་བྱས་ཏེ། གངས་འཁྱག་ལུས་རྩལ་ལ་ཉམས་ལེན་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ལས་ཁུངས་དང་། ཁེ་བྱ་ལས་སྡེ་ཚན་གྱི་ལས་བྱེད་ལས་བཟོ་པ་མི200ལྷག་བྱེད་སྒོ་འདིའི་ནང་ཞུགས་པ་རེད། 

ཉམས་ལེན་པ་རི་བོར་འཛེག་པའི་རྣམ་པ།

ཉམས་ལེན་པ་རི་བོར་འཛེག་པའི་རྣམ་པ།
          བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གངས་འཁྱག་ལུས་རྩལ་གྱི་འཕེལ་རྒྱས་བསྟུད་མར་དར་སྤེལ་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཤིང་། གངས་འཁྱག་ལུས་རྩལ་གྱི“ནུབ་སྐྱེད་ལྷོ་བརྐྱངས་ཤར་བསྐྱོད”ཀྱི་ཐབས་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། མང་ཚོགས་རང་བཞིན་གྱི་གངས་འཁྱག་ལུས་རྩལ་ཁྱབ་གདལ་དང་དར་སྤེལ་དུ་བཏང་ནས། མི་དུང་ཕྱུར་གསུམ་ལྷག་གངས་འཁྱག་ལུས་རྩལ་གྱི་དངོས་ཡོད་བྱེད་སྒོ་ནང་ཞུགས་པར་སྣེ་ཁྲིད་བྱས་ཤིང་། དེས་བོད་ལྗོངས་ཀྱི་གངས་འཁྱག་ལུས་རྩལ་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྐུལ་འདེད་དང་། པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་རམ་འདེགས། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག  ཤེས་དཔལ། ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།

ཆེད་ལས་དགེ་རྒན་གྱི་རོགས་རམ་འོག་ཉམས་ལེན་བྱེད་མཁན་རྣམས་རི་བོར་འཛེག་པའི་རྣམ་པ།

ཉམས་ལེན་བྱེད་མཁན་རྣམས་རི་བོར་འཛེག་རྗེས་ཕྱིར་ལོག་པའི་རྣམ་པ།
          “ཐེངས་འདིའི་གངས་འཁྱག་ཉམས་ལེན་ཀྱི་བྱེད་སྒོར་ཞུགས་པར་དཀའ་ཚེགས་ཆེ་མོད། འོན་ཀྱང་ང་རང་ཉིད་ལ་མཚོན་ན་དེ་ནི་བརྗེད་དཀའ་བའི་རོལ་མྱོང་ཞིག་ཡིན། བོད་ལྗོངས་སུ་གངས་འཁྱག་གི་ཐོན་ཁུངས་འདི་འདྲའི་མང་པོ་ཡོད་པ་དང་། བྱེད་སྒོ་སྤེལ་གནས་འདི་འདྲ་མང་པོ་ཞིག་ཡོད་པས། ང་ཚོར་མཚོན་ན་གོ་སྐབས་ཡག་པོ་ཞིག་རེད། ངས་ཀྱང་ཐེངས་འདིར་པར་མང་པོ་ཞིག་བརྒྱབ་ཡོད་ཅིང་། གངས་འཁྱག་གི་ཉམས་ལེན་འདིའི་རིགས་མི་དེ་བས་མང་པོར་ལྟ་རུ་འཇུག་འདོད་པ་ཡིན”ཞེས་ཉམས་ལེན་པ་རྡོ་རྗེས་དེ་ལྟར་བཤད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1