རང་རྒྱལ་གྱིས་ཟླ་བའི་སྟེང་ནས་ཡོང་བའི་ཆུ་འབྲས་ཀྱི་ས་བོན་ལ་མྱུ་གུ་འབུས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-07



            ཚན་རིག་དར་བའི་རྒྱལ་ཁབ་ཆེན་པོ་ནས་ཚན་རིག་དར་བའི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་བགྲོད་ལམ་ནི་ཧ་ཅང་རིང་བས། ང་ཚོས་འབད་པ་ལྷུར་ལེན་བྱ་རྒྱུ་ལས་མེད། 
            ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱིས་ཟླ་བར་ཁྱེར་བའི་ཆུ་འབྲས་ཀྱི་ས་བོན་ལ་མྱུ་གུ་འབུས་འདུག

            2020ལོར། ཟླ་བའི་ལྷ་མོ་ཨང་ལྔ་པས་ཟླ་བའི་གོ་ལའི་མ་དཔེ་འཚོལ་བསྡུ་བྱས་ཏེ་བདེ་བླག་ངང་ཕྱིར་ལོག་པ་རེད།
            ཁྱོད་ཀྱིས་ཤེས་ལགས་སམ། ཟླ་བའི་ལྷ་མོ་ཨང་ལྔ་པ་ཟླ་བའི་གོ་ལའི་སྟེང་བསྐྱོད་དུས་ལྗིད་ཚད་ཁེ40ཡོད་པའི་ཆུ་འབྲས་ཀྱི་ས་བོན་ཁག་གཅིག་ཀྱང་འཁྱེར་ཡོད་པ་རེད། ད་ལྟ་ཟླ་བའི་གོ་ལའི་ཐོག་གི་རྩ་ཆེའི་ས་བོན་དེ་དག་གི་ནང་ཁ་ཤས་ཤིག་ལ་མྱུ་གུ་འབུས་འགོ་ཚུགས་ཡོད།
            ས་བོན་ཆུང་རུང་དོན་སྙིང་ཆེན་པོ་ལྡན་ཡོད་དེ། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་སོན་གསོའི་ཆུ་འབྲས་ཀྱི་ཚོད་ལྟ་ཐེངས་དང་པོ་ལེགས་གྲུབ་བྱས་པས།   ས་བོན་དེ་དག་ཀྲུང་གོས་གསར་གཏོད་བྱས་པའི་ཚན་ཞིབ་ཀྱི་གྲུབ་འབྲས་ཐོག་མ་རུ་གྱུར་ཡོད་པ་རེད།
            སྤྱི་རྒྱ802.9ཡིས་རྒྱལ་ཡོངས་ཀྱི་བ་ཚྭ་ཅན་གྱི་ས་ཁུལ་ཆེན་པོ་ལྔའི་མུའུ་རེའི་ཐོན་ཚད་ཀྱི་ཟིན་ཐོ་བཏོད་པ།

            དོན་དངོས་ཐོག་མཁའ་དབྱིངས་སུ་གནས་པའི་ཆུ་འབྲས་ཀྱི་ས་བོན་དེ་དག་ཕུད།  གཤམ་དུ་གླེང་བྱའི་ཆུ་འབྲས་དེ་དག་ལའང་དོ་ཁུར་ཆེན་པོ་བྱེད་དགོས།
            2020ལོར་ཞིང་ལས་ཚན་རྩལ་ཁྱབ་ཁོངས་ཀྱི་གསར་འགྱུར་ཆེན་པོ་ཞིག་བྱུང་ཡོད་པ་ནི། ཡོན་ལུང་ཕིང་ཡོའན་ཧྲིའི་ཚན་ཞིབ་ཚོགས་པ(袁隆平院士科研团队)དང་ཅང་སུའུ་ཞིང་ཆེན་ཞིང་ལས་ལག་རྩལ་ཁྱབ་སྤེལ་སྤྱི་ཁྱབ་ས་ཚིགས་སོགས་ཀྱི་ཚན་པས། ཅང་སུའུ་ཞིང་ཆེན་རུའུ་ཏུང་གྲོང་ཁྱེར་པིན་ཁྲ་ཧྥང་ལིང་ཁུན་ཁུལ(江苏省如东市栟茶方凌垦区)ལ་མཉམ་འབྲེལ་བྱས་ཏེ། མུའུ128.9ཡི་ནང་དུ་ང་ཚོས་རྒྱུན་དུ་བཤད་བཞིན་པའི་མཚོ་འབྲས་ཞེས་པའི་བ་ཚྭ་ཅན་གྱི་ཆུ་འབྲས་སྣ་ཁ་བཞིའི་ཐོན་འབོར་ཚོད་རྩིས་བྱས་པ་དང་།  ཡུལ་དངོས་ནས་ཐོན་འབོར་ཚོད་རྩིས་བྱས་པར་མུའུ་རེའི་ཐོན་ཚད་སྤྱི་རྒྱ802.9ཟིན་པས་ན་ནིང་གི་རྒྱལ་ཡོངས་ཀྱི་བ་ཚྭ་ཅན་གྱི་ས་ཁུལ་ཆེ་གྲས་ལྔའི“མཚོ་འབྲས”དཔེ་སྟོན་འདེབས་འཛུགས་རྟེན་གཞིའི་མུའུ་རེའི་ཐོན་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།
            མཚོ་འབྲས་ཐད་ཡོན་ལུང་ཕིང་ཡོའན་ཧྲི་ཡིས་ཀྱང་གལ་སྲིད་ལོ་རེར་མཚོ་འབྲས་མུའུ་དུང་ཕྱུར1ཁྱབ་གདལ་བཏང་ཚེ་མུའུ་རེའི་ཆ་སྙོམས་ཐོན་ཚད་སྤྱི་རྒྱ300ཟིན་ནས་ལོ་ལྟར་འབྲུ་རིགས་སྤྱི་རྒྱ་དུང་ཕྱུར300འཕར་ཐུབ་པ་རེད། འབྲུ་རིགས་སྤྱི་རྒྱ་དུང་ཕྱུར30ནི་ཧུའུ་ནན་ཞིང་ཆེན་གྱི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་ཀྱི་བསྡོམས་འབོར་དང་མཚུངས་པས་མི་འབོར་ཁྲི8000ཙམ་གྱི་ཁ་གསོ་ཐུབ་པ་རེད་ཅེས་བཤད།

རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1