སི་ཁྲོན་ནུབ་རྒྱུད་ཀྱི་སྐོར་ལམ་དུ་མེ་ཏོག་ལ་ལྟད་མོ་ལྟ་ཞོར་ཡུལ་སྐོར་ལ་འགྲོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-11

དགུན་དཔྱིད་སྐབས་སུ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་དར་འཕེལ་ཡོང་དུ་བཅུག

སི་ཁྲོན་ནུབ་རྒྱུད་ཀྱི་སྐོར་ལམ་དུ་མེ་ཏོག་ལ་ལྟད་མོ་ལྟ་ཞོར་ཡུལ་སྐོར་ལ་འགྲོ།
སི་ཁྲོན་ནུབ་རྒྱུད་ཀྱི་སྐོར་ལམ་དུ་མེ་ཏོག་ལ་ལྟད་མོ་ལྟ་ཞོར་ཡུལ་སྐོར་ལ་འགྲོ།

⑴ བཙན་ལྷ།

    ས་ཁམས་ཆགས་ཚུལ་གྱི་རྐྱེན་པས་སྐུ་ལྷ་རི་བོའི་དཔྱིད་ཀ་ནི་ཅི་བྱས་ཀྱང་ཤར་དལ་བ་རེད། སྐད་གསང་མཐོན་པོ་ཞིག་ཤོར་ནའང་དེ་མ་ཐག་ཏུ་ཁ་བ་བབས་ནས་ས་གཞི་ཡོངས་སུ་དཀར་པོ་དངུལ་གྱི་གོས་བཟང་གིས་བཀླུབས་ངེས་ཡིན་ཞིང་། དཔྱིད་དུས་སུ་ཁ་བ་བབས་ནའང་འབྲས་ཤིང་གི་ལྕུག་ཕྲན་གསར་པ་སྐྱེས་པའི་ལྷན་དུ་ཚོན་སྣ་ལྔ་ལྡན་གྱི་མེ་ཏོག་བཞད་ནས་ལྟད་མོ་བའི་མིག་ལམ་དུ་མངོན་བཞིན་ཡོད་པ་རེད།

སི་ཁྲོན་ནུབ་རྒྱུད་ཀྱི་སྐོར་ལམ་དུ་མེ་ཏོག་ལ་ལྟད་མོ་ལྟ་ཞོར་ཡུལ་སྐོར་ལ་འགྲོ།

 ⑵ རོང་བྲག་གི་མཁར་རྫོང་།

   རོང་བྲག་ལ་མཁར་རྫོང་གི་རྒྱལ་ཁམས་ཞེས་པའི་མཚན་སྙན་ཡོད་ཅིང་། རྒྱལ་རོང་བོད་འབྲེལ་ས་ཁུལ་ནི་མཁར་རྫོང་ཆེས་མང་ལ་ཆེས་གཅིག་བསྡུས་ཡིན་པའི་ས་གནས་ཤིག་ཡིན་ལ།ད་ལྟའི་བར་དུ་མཁར་རྫོང་སྟོང་ལ་ཟིན་པ་ཞིག་ད་དུང་རང་འཇགས་སུ་གནས་ཡོད་པ་རེད།

སི་ཁྲོན་ནུབ་རྒྱུད་ཀྱི་སྐོར་ལམ་དུ་མེ་ཏོག་ལ་ལྟད་མོ་ལྟ་ཞོར་ཡུལ་སྐོར་ལ་འགྲོ།

   ⑶ མཛེས་མའི་ལུང་པ།

    རོང་བྲག་གི་བུ་མོ་རྣམས་བྱད་གཟུགས་ཡག་ཅིང་མཛེས་པར་བརྟེན། རོང་བྲག་གི་མཛེས་ཉམས་མགྲིན་ཚབ་བྱེད་མཁན་གྱི་སྣང་བརྙན་བྱང་བུར་གྱུར་དང་འགྱུར་བཞིན་ཡོད་པ་རེད། ལོ་རྟག་པའི་སྤྱི་ཟླ10པའི་ཚེས25ཉིན་ནས28ཉིན་བར་རོང་བྲག་རྫོང་གིས་རྒྱལ་རོང་བོད་རིགས་གོམས་སྲོལ་དུས་སྟོན་འཛུགས་གཉེར་བྱས་ཤིང་། སྐབས་དེར་གཟབ་རྒྱས་ཀྱི་གོས་རྒྱན་འཁྲབ་སྟོན་དང་སྤྲོ་ཉམས་ཀྱིས་ཕྱུག་པའི་རྒྱལ་རོང་སྐོར་བྲོ་འཁྲབ་པའི་དུས་མཚུངས་སུ་མཛེས་མ་བདམས་པའི་འགྲན་བསྡུར་བྱས་སྲོལ་ཡོད་པ་རེད།

འདི་དག་ཕུད་ཁ། ཁྱེད་རང་གདོང་གླིང་དང་དམུ་རྡོ་རི་བོ་སོགས་ལྗོངས་ཁུལ་མང་པོར་ཕྱིན་ནས་ས་གནས་དེ་གའི་བོད་སྡེའི་རིག་གནས་ལ་ཉམས་སུ་མྱོང་ཆོག་པ་རེད།

སི་ཁྲོན་ནུབ་རྒྱུད་ཀྱི་སྐོར་ལམ་དུ་མེ་ཏོག་ལ་ལྟད་མོ་ལྟ་ཞོར་ཡུལ་སྐོར་ལ་འགྲོ།

⑷ བརྒྱ་གྱུར་བོད་གྲོང་།

    བརྒྱ་གྱུར་བོད་གྲོང་ལ་ཀྲུང་གོའི་ཆེས་མཛེས་པའི་ཡུལ་གྲོང་ཞེས་པའི་མཚན་སྙན་ཡོད་ཅིང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱས་པའི་རང་བྱུང་མཛེས་ལྗོངས་ཤིག་ཀྱང་ཡིན་པ་རེད། ཆུ་ཆེན་ཆུ་བོའི་བབས་རྒྱུད་ཀྱི་ལུང་གཞུང་ནས་རིམ་པ་བཞིན་དུ་བསྲིངས་ནས་རི་སྐེད་ཀྱི་ནགས་ཚལ་ལ་ཐུག་པ་རེད། གངས་རི་འདབས་ནས་བྱུང་བའི་ལྷུང་སྒྲ་སྙན་པའི་ཆུ་ཕྲན་ཉིད་འབྲས་ཤིང་སྣ་ཚོགས་ཀྱིས་ཁེབས་པའི་བོད་གྲོང་གི་དཀྱིལ་གཞུང་བརྒྱུད་ནས་བབས་པར་བརྟེན།ཡུལ་སྐོར་འགྲུལ་པར་དྲི་ཟའི་ཡུལ་དུ་སླེབས་པའི་ཚོར་སྣང་འཆར་དུ་བཅུག

སི་ཁྲོན་ནུབ་རྒྱུད་ཀྱི་སྐོར་ལམ་དུ་མེ་ཏོག་ལ་ལྟད་མོ་ལྟ་ཞོར་ཡུལ་སྐོར་ལ་འགྲོ།

⑸ རོང་བྲག

     རོང་བྲག་ནི་བཙན་ལྷ་དང་ཁྱིམ་མཚེས་ཡིན་ཞིང་། བཙན་ལྷ་ནས་རོང་བྲག་བར་རླངས་འཁོར་ཆུ་ཚོད་གཅིག་ཕྱེད་ལས་འགོར་བ་མ་རེད། རོང་བྲག་ཏུ་དགུན་ཁར་དཔྱིད་མགོའི་མེ་ཏོག་བཞད་པ་དང་དཔྱིད་དུས་སུ་ལི་མེ་ཏོག་དང་ཁམ་བུ་མེ་ཏོག་ལ་ལྟད་མོ་ལྟ་ཆོག་པ་རེད། རོང་བྲག་ལ་བོད་གྲོང་དང་མཁར་རྫོང་། མཛེས་མའི་ཆོལ་ཁ་ཞེས་མཚན་སྙན་ཡོད་ཅིང་། རོང་བྲག་ཏུ་མེ་ཏོག་ལ་ལྟད་མོ་ལྟ་རུ་འགྲོ་སྐབས་དམིགས་བསལ་གྱི་ཁྱད་ཆོས་དེ་གསུམ་ལའང་ལྟད་མོ་བལྟ་རྒྱུའི་གོ་སྐབས་གཏན་ནས་ཤོར་མི་ཉན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1