༄༅།། གཞོན་ནུ། ཁྱོད་རང་ཁྱིམ་བྱ་ཞིག་བཅའ་འདོད་དམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-12




ཚྭ།

གཞོན་ནུ། ཁྱོད་ཀྱིས་ཁྱིམ་བྱ་ཤེས་སམ།
ཁྱིམ་བྱ་ནི་ཉི་མ་དང་མཚན་མོའི་བར་གྱི་བྱ་ཞིག་ཡིན།
ཁོས་དུས་ཀྱི་ཤེལ་སྒོང་ལ་གས་ཁ་ཁབ་སྐུད་ཙམ་ཤོར་བ་མཐོང་ཐུབ་ན་ཡང་།
ཁོས་རང་གི་གཤོག་ཟུང་དང་རྒྱང་རིང་བར་ན་ཅི་ཞིག་སྦས་ཡོད་པ་གཏན་ནས་མི་ཤེས།
གཞོན་ནུ། ཁྱོད་ཀྱིས་བལྟས་ན་ནམ་མཁའ་དོར་བའི་བྱ་འདིའི་ཚེ་སྲོག་གི་སྙིང་པོ་གང་ན་འདུག
གཞོན་ནུ། སྔོན་བསྐལ་པ་དཔག་ཏུ་མེད་པའི་དུས་སུ།
ཁྱུང་ཞེས་བྱ་བའི་འཕུར་རྩལ་དང་ལྡན་པའི་བྱ་ཞིག་ཡོད་པར་སྐད།
ཁོས་རང་གི་གཤོག་ཟུང་བར་ན་རང་དབང་གི་སྙིང་པོ་གྲོལ་བར་ལྟ།
རྒྱང་རིང་ནི་རང་གི་ཚེ་སྲོག་གི་གནས་མལ་ཡིན་པའི་ཡིད་ཆེས་འཛིན།
གཞོན་ནུ། ཁྱོད་ཀྱིས་ནམ་མཁའ་དོར་བའི་བྱ་རྣམས་ཀྱིས་ད་དུང་ཅི་ཞིག་དོར་ཡོད་པ་ཤེས་སོང་ངམ།
གཞོན་ནུ། འཕུར་དང་མི་འཕུར་བར་ན།
ཅི་ཞིག་དོར་འདུག ཅི་ཞིག་དོར་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1