ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་བསྒྲགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-13


ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་བསྒྲགས།

དཔལ་ཡུལ་རྫོང་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པའི་ཚུལ།


ཁུལ་ཐད་གཏོགས་ལས་བཟོ་ཨུ་ལྷན།

     ཁུལ་ཐད་གཏོགས་ལས་བཟོ་ཨུ་ལྷན་གྱིས་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས་མཐོན་པོའི་ཐོག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་དེ་མིག་སྔ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་བརྩིས་པ་དང་། ཁུལ་ཐད་གཏོགས་ལས་བཟོ་ཨུ་ལྷན་གྱི་ལས་ཁུངས་ཀྱི་ཀྲི་པུའུ་ཡིས་གཅིག་གྱུར་གྱིས་བཀོད་སྒྲིག་དང་དོན་འཁྱོལ་ནན་འཛིན་བྱ་རྒྱུ་དང་། འགན་ཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་ནས་སློབ་སྦྱོང་དང་གོང་གིས་འོག་ལ་སྣེ་ཁྲིད་པར་མ་ཟད། ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་ཐོག་ཆེད་དོན་འཆད་འགྲེལ་བྱ་རྒྱུ། ཁུལ་ཐད་གཏོགས་ལས་བཟོ་ཨུ་ལྷན་གྱི་ལས་ཁུངས་ཀྱི་ཏང་ཡོན་གྱིས་དང་ལེན་ཧུར་ཐག་དང་མ་སྐུལ་དང་བླངས་ངང་རང་སྦྱོང་བྱས་ནས། གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་བྱེད་པའི་ཁོར་ཡུག་བཟང་པོ་ལས་ཁུངས་སུ་མྱུར་དུ་ཆགས་པ་རེད།

    གཙོ་གནད་མངོན་གསལ་བྱས་ཏེ་དྲིལ་བསྒྲགས་ལས་ཀ་དངོས་སུ་སྤེལ། ལས་ཁུངས་ཀྱི་ཆེད་དོན་འཆད་སྟེགས་ཆེན་མོར་བརྒྱུད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སྒྲོག་འགྲེལ་བྱས་པ་དང་། ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་ཏང་རྩ་འཛུགས74ཡིས་དོན་དངོས་དང་འབྲེལ་ཏེ་ཁྱོན་ཡོངས་ལ་ཁེབས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ཡོངས་རྫོགས་ཀྱིས་ཏང་ཀྲུང་དབྱང་གི་བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་གི་རྒྱ་ཆེ་བའི་ལས་བྱེད་པ་དང་ལས་བཟོ་ལ་བཅངས་བའི་དམིགས་བསལ་གྱི་ཐུགས་ཁུར་ཚོར་ཐུབ་པ་དང་། ཞིང་ཆེན་དང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་གྲུབ་འབྲས་གཙོ་བོར་ཐོབ་པའི་མྱོང་ཚོར་ཟབ་མོ་ཚོར་ཐུབ་པ་དང་། ཚོད་ཐིག་པོའི་སྒོ་ནས་ཞིང་ཆེན་དང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་དང2035ལོའི་ཕུགས་རིང་གི་དམིགས་འབེན་དམ་འཛིན་བྱས་ནས། མུ་མཐུད་དེ་ལས་ཁུངས་ཀྱི་ཏང་ཡོན་གྱི་ལས་སྒྲུབ་ལས་སྐྲུན་གྱི་སྤྲོ་སེམས་ཆེ་རུ་བཏང་བ་རེད།

    དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལག་བསྟར་དོན་འཁྱོལ་དངོས་སུ་བྱས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་གྱིས་ཁྲིད་སྟོན་བྱེད་ཅིང་། གཙོ་གནད་ལས་ཀར་དམིགས་པ་དང་། དཔུང་སྡེ་འཛུགས་སྐྱོང་། མང་ཚོགས་ལ་ཞབས་ཞུ་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏང་རྒྱུ་དེ་གཙོ་གནད་དུ་བཟུང་ནས་མུ་མཐུད་དེ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་བཏང་ཡོད། གཅིག་ནི་རྒྱུན་མཐུད་དེ་དཔེ་བཟང་གི་ལས་ཁུངས་འཛུགས་པ་དང་ཉམས་སད་ཐེབས་ནུས་པའི་དཔུང་སྡེ་སྐྲུན་པའི་ཐད་ལ་ཤུགས་བརྒྱག་དགོས། གཉིས་ནི་རྒྱུན་མཐུད་དེ་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་གྲུབ་འབྲས་མུ་མཐུད་དེ་སྲ་བརྟན་གཏོང་བར་ཤུགས་བརྒྱག་དགོས། གསུམ་ནི་རྒྱུན་མཐུད་དེ་སྤྱོད་བསྲང་སྒྲིག་ནན་བྱེད་པར་ཤུགས་བརྒྱག་དགོས།

དཔལ་ཡུལ་རྫོང་།

    ཉེ་ཆར། དཔལ་ཡུལ་རྫོང་ཨུའི་དྲིལ་བསྒྲགས་ཚོགས་པའི་གྲུབ་མི་རྫོང་དེའི་གཙང་མདོ་ཡུལ་ཤོག་དང་འབྲི་ཆུ་ཡུལ་ཤོག་ཏུ་ཕྱིན་ཏེ་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་པའི་བྱེད་སྟངས་བརྒྱུད་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་ཀའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སྒྲོག་འགྲེལ་ཟབ་མོ་བྱས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་དག་དཔལ་ཡུལ་རྫོང་དུ་དོན་འཁྱོལ་བྱས་པ་རེད།

    སྒྲོག་འགྲེལ་བྱེད་རིང་དུ་སྒྲོག་འགྲེལ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་བཅུ་དགུ་པའི་ཀྲུའུ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམིགས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་དམ་ཟབ་བྱས་པ་དང་། དཔལ་ཡུལ་གྱི་དོན་དངོས་དང་འབྲེལ་བ་དང་རང་ཉིད་ཀྱི་མྱོང་ཚོར་དང་འབྲེལ་ནས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་ཐོབ་པར་ངོས་འཛིན་ཟབ་མོ་བྱེད་པ་དང་། ཚོད་ཐིག་པོའི་སྒོས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྐབས་ཀྱི་ཁྱད་ཆོས་གསར་པར་དམ་འཛིན་བྱས་ཏེ། 2035ལོའི་རྒྱང་རིང་གི་དམིགས་འབེན་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་ཁྲིད་སྟོན་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཡུལ་གཙོ་བོ། ལས་འགན་གལ་ཆེན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཅས་ལག་བསྟར་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཏང་གི་ཁྱོན་ཡོངས་ཀྱི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་ཟབ་མོ་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1