གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༣ཉིན།

ལོ་སར་གནམ་གང་གི་མེ་འཁོར་པ་སེ་ཚེས13ཉིན་ནས་བཙོང་འགོ་བརྩམ་པ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལྕགས་ལམ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི“དཔྱིད་འདྲེན་སྤ་སེ་ཉོ་བའི་ལོ་ཐོ”ལྟར་ན། གནམ་གང་གི་ཉིན་དེའི་པ་སེ་ཟླ1པའི་ཚེས13ཉིན་ནས་བཙོང་རྒྱུ་རེད། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས། ད་ལོའི་པ་སེ་སྔོན་འཚོང་བྱ་རྒྱུའི་གནས་ཚུལ་ལ་སྔ་ལོ་ལས་ཛ་དྲག་ཏུ་ཕྱིན་མེད། 12306གི་གནས་ཚུལ་ལས་མངོན་པར་གཞིགས་ན།  ཟླ1པའི་ཚེས9ཉིན་གྱི་དགུང་མོའི་དུས་ཚོད་བཅུ་གཉིས་བར།  པེ་ཅིན་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། པེ་ཅིན་ནས་ཅིའུ་ཅང་། པེ་ཅིན་ནས་ཀོང་ཏོན། པེ་ཅིན་ནས་ཀོང་ཀྲུའུ་བར་གྱི་མྱུར་བགྲོད་ལྕགས་ལམ། པེ་ཅིན་ནས་ཡོན་ཕེན་ལྕགས་ལམ་བཅས་ཀྱི་ཧོ་པེ་ཞིང་ཆེན་གྱི་ས་ཚིགས་སོ་སོའི་པེ་ཅིན་ས་ཁུལ་གྱི་ས་ཚིགས་སོ་སོའི་མེ་འཁོར་གྱི་པ་སེ་གནས་སྐབས་འཚོང་མཚམས་བཞག་པ་རེད། ཧྲི་ཅ་ཀྲོང་དང་ཞིན་ཐའེ་ས་ཁུལ་གྱི་ས་ཚིགས་སོ་སོས་རྒྱལ་ཡོངས་ཀྱི་ས་ཚིགས་སོ་སོར་འགྲོ་བའི་མེ་འཁོར་གྱི་པ་སེ་འཚོང་མཚམས་བཞག་པ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1