ཀྲུང་གོ་དང་བལ་བོས་མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་བསམ་ཤེས་བརྗེད་ཐོ་ལ་མིང་རྟགས་བཀོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-19


ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་བལ་ཡུལ།

                སྤྱི་ཟླ་12པའི་ཚེས་17ཉིན། ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཡན་དང་བལ་བོའི་ནོར་སྲིད་པུའུ་ཡི་དྲུང་ཡིག་ཧྲ་ཨེར་མ་གཉིས་ཀྱིས་པེ་ཅིང་དུ་ཐུན་མོང་ཐོག་ཀྲུང་གོ་དང་བལ་བོའི་དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་11པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་རྗེས་སུ། ཀའོ་ཡན་དང་ཧྲ་ཨེར་མ་གཉིས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་དང་བལ་བོའི་སྲིད་གཞུང་གི་ནོར་སྲིད་པུའུ་ཡིས་ཀྲུང་གོ་དང་བལ་བོའི་དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་འོག་མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པ་དང་འབྲེལ་ཡོད་ཀྱི་བསམ་ཤེས་བརྗེད་ཐོ།》ལ་མིང་རྟགས་བཀོད་ཡོད།

                ཕྱོགས་གཉིས་པོས་ལོ་འདི་དག་གི་རིང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གོང་འཕེལ་གནས་ཚུལ་ལ་ཕྱོགས་བསྡོམས་བྱས་ཏེ། མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་། ཉོ་ཚོང་དང་གཏོང་གི་མཉམ་ལས། དཔལ་འབྱོར་ལག་རྩལ་གྱི་མཉམ་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དངུལ་རྩ། ཡུལ་སྐོར་བཅས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་སོགས་ལ་དམིགས་པའི་གྲོས་གཞི་རབ་དང་རིམ་པར་ངོས་འཛིན་གཅིག་མཐུན་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1