གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༢ཚེས་༢༢ཉིན།

ཕུའུ་ཅིང་གིས་མི་སུ་ཡིན་ཡང་ཨུ་རུ་སུ་ལ་འཇིགས་སྐུལ་དང་ཁེར་རྐྱང་དུ་ཕུད་ཐབས་མེད་པར་བཤད།

 ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་གསུང་བཤད་གནང་བཞིན་པ།

            སྤྱི་ཟླ་12པའི་ཚེས་20ཉིན། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་བསྟན་དོན། མི་སུ་ཡིན་ཡང་ཨུ་རུ་སུ་ལ་འཇིགས་སྐུལ་དང་ཁེར་རྐྱང་དུ་ཕུད་ཐབས་མེད་ལ། ཨུ་རུ་སུ་ཡིས་དུས་ངེས་མེད་དུ་རྒྱལ་ཁབ་རང་གི་བདག་དབང་དང་བརྟན་འཇགས། སྤྱི་ཚོགས་གཅིག་གྱུར་བཅས་ཐད་ཀྱི་འཇིགས་ཉེན་ལ་རྒོལ་ལན་སྤྲོད་པར་གྲ་སྒྲིག་བྱས་ཡོད་ཅེས་ཟེར།

           ཕུའུ་ཅིང་གིས་ཉིན་དེར་ཁི་ལི་མུའུ་ལིན་ཕོ་བྲང་ནས་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་བསྡུས་པའི་དགོང་ཚིགས་གསོལ་སྟོན་ཐོག་བཤད་རྒྱུར། མིག་སྔར་འཛམ་གླིང་ཡོངས་ཀྱི་གནས་བབ་བརྟན་འཇགས་མིན་པ་དང་། འཇིགས་ཉེན་དང་ཉེན་ཁ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ལ་དུས་རྒྱུན་སྣང་མེད་བྱེད་བཞིན་ཡོད། འཕུང་དཀྲུག་གཏོང་བ་དང་། དཔལ་འབྱོར་དང་བརྡ་འཕྲིན་གྱི་གནོན་ཤུགས་སྟེར་བ། ཐལ་སྤྱོད་ཉེས་ཅན་དང་མི་རིགས་རིང་ལུགས་ཀྱི་རྩ་འཛུགས་ལ་བརྟེན་པ། རྒྱལ་ཁབ་གཞན་པའི་ནང་ཁུལ་གྱི་བརྟན་འཇགས་ལ་གཏོར་བརླག་བྱེད་རྩིས་ཡོད་པ། དེ་མིན་རྒྱལ་ཁབ་གཞན་པར་ཚོད་འཛིན་བྱེད་པའི་བྱ་སྤྱོད་སོགས་རྒྱུན་དུ་མཐོང་ཐུབ་ཟེར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1