ཀྲུང་དབྱང་གིས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ཐད་རྒྱལ་དབང་མ་རྩ་སྒོར་དུང་ཕྱུར་ཁྲི1.68བསྒྱུར་སྤོ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-15


        མི་དམངས་དྲ་བའི་འཕྲིན་ལྟར། གསར་འགོད་པས་ནོར་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་ལོ་མཇུག་བར་ཆ་རྐྱེན་དང་མཐུན་པའི་ཀྲུང་དབྱང་གི་ཁེ་ལས་དང་ཀྲུང་དབྱང་གི་དངུལ་རྩའི་ལས་ཁུངས་ལ་མ་དངུལ་བསྒྱུར་སྤོ་བྱེད་པའི་བྱ་བ་ཡོངས་སུ་ལེགས་གྲུབ་བྱུང་ཞིང་། བསྡོམས་པས་ཀྲུང་དབྱང་གི་ཁེ་ལས་དང་ཀྲུང་དབྱང་གི་དངུལ་རྩའི་ལས་ཁུངས93ལ་རྒྱལ་དབང་མ་རྩ་སྒོར་དུང་ཕྱུར་ཁྲི1.68བསྒྱུར་སྤོ་བྱས།
        རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ཐད་ཁྱོན་ཡོངས་ནས་རྒྱལ་དབང་མ་རྩ་བསྒྱུར་སྤོ་བྱེད་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དངོས་འབེབ་དོན་འཁྱོལ་བྱ་ཆེད། ནོར་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་གཞུང་འབྲེལ་དམ་ཟབ་འོག་ནུས་ཤུགས་ཡོད་རྒུ་བཏོན་ནས་བསྒྱུར་སྤོ་བྱ་བ་སྒྲུབ་ཅི་ཐུབ་བྱས། ཀྲུང་དབྱང་གི་ངོས་ཐད་ནས་བསྒྱུར་སྤོ་བྱ་བ་ཡོངས་སུ་ལེགས་གྲུབ་བྱུང་བ་དེས་སྔར་ལས་འདྲ་མཉམ་ཡོང་བ་དང་རྒྱུན་མཐུད་ངང་རྒན་གསོ་འགན་སྲུང་ལམ་ལུགས་འཛུགས་པར་ཁག་ཐེག་བྱས་པ་མ་ཟད། རྒྱལ་དབང་ཁེ་ལས་དམངས་ཡོངས་ལ་དབང་བ་དང་འཕེལ་རྒྱས་གྲུབ་འབྲས་དམངས་ཡོངས་ལ་མཉམ་རོལ་བྱེད་དུ་བཅུག་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1