ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་སློབ་མཇུག་འགྲིལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-15


        ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་སློབ་མཇུག་འགྲིལ་བ་དང་། ཝང་ཧུའུ་ཉིང་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་པ་མ་ཟད་ཕྱོགས་བསྡོམས་གསུང་བཤད་གནང་བ།
        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༤ཉིན་གྱི་ཕྱི་དྲོ། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽རུ་སློབ་མཇུག་འགྲིལ་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་པ་མ་ཟད་ཕྱོགས་བསྡོམས་གསུང་བཤད་གནང་ཡོད།
        ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཐུབ་པ་བཅས་བྱེད་པ། གོང་འཕེལ་གྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་པ་བཅས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་། འཐབ་ཇུས་མིག་རྒྱང་། ཆེད་ལས་ཆུ་ཚད་བཅས་མཐོ་རུ་བཏང་ནས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་༡༠༠འཁོར་བར་བསུ་བ་ཞུ་དགོས་ཞེས་བསྟན་གནང་ཡོད།
        ཞིབ་བསྡུར་འཛིན་གྲྭར་སློབ་སྦྱོང་གནང་རིང་། སློབ་མ་ཡོངས་ནས་སློབ་སྦྱོང་ནན་ཏན་དང་ཞིབ་བསྡུར་གཏིང་ཟབ་གནང་ནས། གོང་འཕེལ་གྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་པ། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་ལ་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་པ། ལས་དོན་ཡག་པོ་སྒྲུབ་པ་དང་། རང་འཁྲིའི་ལས་འགན་ལེགས་སྒྲུབ་བྱེད་པའི་འགན་འཁྲིའི་བསམ་པ་ཆེ་རུ་ཕྱིན་ཡོད། སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག ཞིབ་བསྡུར་འཛིན་གྲྭའི་འཐུས་མི་༡༠ཡིས་གཏམ་བཤད་གནང་བ་དང་། སློབ་སྦྱོང་གི་སྦྱངས་འབྲས་སྙན་སེང་ཞུས་པ་དང་སྤེལ་རེས་གནང་ཡོད་པ་རེད།
        ཝང་ཧུའུ་ཉིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་བྱེད་པར། ངེས་པར་དུ་སྲུང་སྐྱོང་གཉིས་ཐུབ་པ་བྱ་དགོས་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ཤུགས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ཤུགས། ཆབ་སྲིད་ལག་བསྟར་བྱ་ཤུགས་བཅས་ཆེ་རུ་གཏོང་དགོས།
        ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱ་རྒྱུ་དང་འབྲེལ་མཐུད་བྱ་དགོས་པ་དང་། གོང་འཕེལ་གྱི་དུས་མཚམས་གསར་པའི་གཞི་འཛིན་ས་དང་དམིགས་འབེན་བླང་བྱ་ཁོང་དུ་ཡང་དག་པ་ཆུད་དགོས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ། གོང་འཕེལ་གྱི་རྣམ་པ་གསར་པའི་ཤུགས་རྒྱག་ས་དང་འགག་གཏོར་ཐུབ་ས་ཡང་དག་པ་འཚོལ་བ་དང་གང་མགྱོགས་འཛུགས་དགོས། དེ་བས་ཚགས་ཚུད་པའི་སྤྱོད་ཚུལ་ཐོག་ནས་དོན་འཁྱོལ་བྱ་རྒྱུ་དམ་བཟུང་བྱེད་ཅིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རིང་དུ་དོར་དགོས་ཞེས་བསྟན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1