གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༢༥ཉིན།

མཚོ་སྔོན་གོར་མོའི་5Gབརྡ་རྟགས་ལྟེ་བའི་ཁུལ་དུ་ཡོངས་ཁྱབ་བྱུང་བ།


 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་ནས་བཟུང་ཀྲུང་གོ་ལྕགས་སྒྲོམ་མ་རྐང་ཚད་ཡོད་ཀུང་སི་གོར་མོ་ཡན་ལག་ཀུང་སིས་སྦྲེལ་ཚུགས་གསར་པ་ཤུགས་རྒྱག་སར་བྱས་ཏེ། གནད་སྨིན་ཤུགས་འདོན་དང་སྐུལ་འདེད་མགྱོགས་མྱུར་བཏང་ནས་གོར་མོའི་5Gདྲ་རྒྱ་ལྟེ་བའི་ཁུལ་དུ་ཡོངས་ཁྱབ་བྱུང་བ་རེད།
   2020ལོ་ནི་5Gདྲ་རྒྱ་འཛུགས་སྐྲུན་བྱེད་པའི་ལོ་དང་པོ་ཡིན་པ་དང་ཀྲུང་གོ་ལྕགས་སྒྲོམ་མ་རྐང་ཚད་ཡོད་ཀུང་སི་གོར་མོ་ཡན་ལག་ཀུང་སིས་གློག་འཕྲིན་གཉེར་སྐྱོང་ཁེ་ལས་གསུམ་སྤྱི་འདོམས་བྱས་ཏེ་5Gའཛུགས་སྐྲུན་དང་བཀོལ་སྤྱོད་མགྱོགས་སུ་བཏང་ནས། ཁྱོན་5Gསྦྲེལ་ཚུགས་215བསྐྲུན་པ་དང་མ་དངུལ་སྒོར་ཁྲི་8000ཙམ་བཏང་བ་རེད།
   མིག་སྔར་གྲོང་ཁུལ་གྱི་མི་ཚོགས་སྟུག་པའི་ས་ཁུལ་དུ་ཡོངས་ཁྱབ་བྱུང་བ་དང་དེ་བཞིན་ཚྭ་ཁ(ཚྭ་མཚོ)དང་གཙོ་གནད་མཛེས་ལྗོངས་ཁུལ་དུ་ཡོངས་ཁྱབ་བྱུང་བ་རེད། “5Gའཕྲིན་གཏོང་གི་དྲ་ཆེན་ལ་བརྟེན་ནས་རིག་ལྡན་གྲོང་ཁྱེར་མགྱོགས་མྱུར་སྐྲུན་པ་དང་རིག་ལྡན་གྲོང་ཁྱེར་གྱི་གླིང་ཆེན་ཁག་ཟླ་སྒྲིལ་གཏོང་བར་སྐུལ་འདེད་བཏང་ནས་ཁྱབ་ཁོངས་ཁག་ཏུ་ཟོག་འབྲེལ་དྲ་བའི་གྲངས་གཞི་ཆེན་པོ་དང་སྤྲིན་ཚོམ་རྩིས་རྒྱག་སྤྱོད་ཐུབ་ཡོད། དུས་མཚུངས་ངེད་ཚོའི་འཚོ་བ་སྐྱེལ་སྟངས་ལའང་རྒྱུན་ཆད་མེད་པར་འགྱུར་ལྡོག་ཕྱིན་སོང”ཞེས་ཀྲུང་གོ་ལྕགས་སྒྲོམ་མ་རྐང་ཚད་ཡོད་ཀུང་སི་གོར་མོ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧྲི་ཀུའེ་དབྱིང་གིས་ངོ་སྤྲོད་བྱས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1