ཐུན་མོང་དཔལ་འབྱོར་གྱི་ཕན་འབྲས་འཕར།། ཡུལ་མིའི་ངོ་གདོང་ལ་དགའ་འཛུམ་ཁེངས།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-25



     ཉེ་སྔོན། དཔལ་ཡུལ་རྫོང་རག་ཁྱབ་ཡུལ་ཤོག་ལྷ་པ་གྲོང་སྡེའི་དུད་ཚང་དབུལ་པོའི་ཉི་མ་ཚེ་རིང་གིས་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་ལས་ཐོབ་པའི་བགོ་བཤའ་སྒོར428ལག་ཐོག་རག་བྱུང་། དངོས་གནས་སེམས་པ་ཧ་ཅང་དགའ་བྱུང་ཞེས་བཤད་པ་རེད། 2021ལོའི་གནམ་ལོ་གསར་པར་ཤར་སྐབས། རག་ཁྱབ་ཡུལ་ཤོག་གི་གྲོང་སྡེ་དབུལ་ཕོངས་སོ་སོས་བསྟུན་མར2020ལོའི་ལོ་འཁོར་གྱི་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་བགོ་བཤའ་རྒྱག་པའི་མཛད་སྒོ་སྤེལ་ནས། ཉིན་དེར་ལྷག་པ་གྲོང་སྡེའི་དུད་ཚང74ཡིས་མཉམ་ལས་ཁང་གིས་སྤྲོད་པའི་བགོ་བཤའ་བསྡོམས་པས་སྒོར71000ལེན་ཐུབ་ཡོད།
     ལྷག་པ་གྲོང་སྡེ་ནི་དཔལ་ཡུལ་རྫོང་མཁར་གྱི་བྱང་ཤར་དུ་སྤྱི་ལེ63ཡོད་པའི་སར་ཆགས་ཡོད་ལ་རག་ཁྱབ་ཡུལ་ཤོག་སྲིད་གཞུང་དང་རྒྱང་ཐག་སྤྱི་ལེ15ཡོད་ཅིང་། ཞིང་མ་འབྲོག་གི་ས་ཁུལ་ཡིན་པ་དང་ཆ་སྙོམས་མཚོ་འཕགས་སྨི3700ཡོད་པས་མཐོ་སྒང་གི་ས་གཤིས་ཆགས་ཚུལ་རྙོག་དྲ་ཡིན་པ་རེད། གྲོང་སྡེ་ཡོངས་ལ་བསྡོམས་པས་དུད་ཚང74ཡི་མི་གྲངས471ཡོད། དེའི་ནང་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས38ཀྱི་མི182ཡོད། 2019ལོར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་ཡོད།
     སྔོན་མར་ལྷག་པ་གྲོང་སྡེའི་ཞིང་ལས་ཐད་གནམ་གཤིས་ཀྱི་ཆ་རྐྱེན་ལ་བརྟེན་ནས་འཚོ་གནས་བྱ་དགོས་ཀྱི་ཡོད་པས་ཡོང་འབབ་ལ་འགན་ལེན་མེད་པར་མ་ཟད། ད་དུང་འདེབས་འཛུགས་ཀྱི་སྣ་ཁ་གཅིག་རྐྱང་ཡིན་པ་དང་ཞིང་ལས་ཀྱི་སྐྱེ་དངོས་གཙོ་བོ་ནི་ནས་དང་ཡུང་མ་སོགས་ཡིན། ཐོན་ཚད་དམའ་བའི་ཐོག་ཐོན་སྐྱེད་རྗེས་ལུས་དང་། མ་དངུལ་དཀོན་པ། ལག་རྩལ་མི་འདང་བའི་རྐྱེན་གྱིས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་དཀའ་བས་ཡུལ་མིས་ཇི་ལྟར་བྱས་ཀྱང་དབུལ་ཕོངས་ཐར་དཀའ་བ་རེད།
     གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་ནས་གྲོང་སྡེ་ཡོངས་ཀྱི་དུད་ཚང74ཡི་ཡོང་འབབ་རྒྱུན་མཐུད་འཕར་བར་སྐུལ་ཁྲིད་བྱ་ཆེད། ཉེ་བའི་ལོ་ཤས་རིང་ལྷག་པ་གྲོང་སྡེའི་ས་གཤིས་ཀྱི་ཆགས་ཚུལ་དང་།ཐོན་རྫས་དང་མི་སྣའི་ནུས་རྩལ་སོགས་ཀྱི་དོན་དངོས་ལ་དམིགས་ནས། གྲོང་སྡེར་བཅའ་སྡོད་བྱེད་མཁན་ལས་སྒྲུབ་དཔུང་སྡེས་ངལ་ལས་གླ་པ་དང་། ས་རྒྱུ་སྤོ་བསྒྱུར། ནུས་ཤུགས་གཅིག་བསྡུས་བཅས་བྱས་ཏེ་མཐོ་སྒང་གི་སྤྱི་གནོད་མེད་པའི་ལ་ཕུག་དང་ཞོག་ཁོག་འདེབས་འཛུགས་བྱས་ནས། ཐུན་མོང་གི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་ཐུབ་པ་དང་མང་ཚོགས་དབུལ་ཕོངས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།
    བགོ་བཤའ་ཐོབ་པའི་མང་ཚོགས་ཀྱིས་རེ་རེ་བཞིན་རྩིས་ཐོར་མིང་ཐོ་བཀོད་པ་དང་མཛུབ་ཐེལ་མནན་ཞོར་དུ་དགའ་སྤྲོའི་ངང་ལག་དངུལ་རྩི་བཞིན་པ་རེད། ཡུལ་མི་ཡ་མས་ཏང་གི་སྲིད་ཇུས་དངོས་གནས་ཡག་པོ་འདུག ང་ཚོ་དབུལ་ཐར་གྱི་ལམ་བུར་ཁྲིད་ནས་ཕྱུག་འགྱུར་གྱི་ཐར་ལམ་འཚོལ་ཐུབ་པ་བྱུང་ཞེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1