རྔ་བ་རྫོང་གིས་ནགས་ཚལ་རྩྭ་ཐང་མེ་འགོག་མེ་གསོད་ཀྱི་ཕྱོགས་བསྡུས་མཁོ་བསྟུན་འཁྲབ་སྦྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 01-29


    ནན་ཏན་སྒོས་ནགས་ཚལ་རྩྭ་ཐང་མེ་འགོག་མེ་གསོད་ཀྱི་ལས་དོན་བསྒྲུབ་ནས། སྔར་ལས་ལྷག་པས་ཐོལ་བྱུང་གི་དོན་རྐྱེན་ལ་ཁ་གཏད་འཇལ་ཐུབ་པའི་བྱེད་ནུས་འཐུས་ཇེ་ཚང་དུ་གཏོང་བ་དང་། ནགས་ཚལ་རྩྭ་ཐང་མེ་སྐྱོན་ཐག་གཅོད་བྱ་བའི་ཕྱོགས་བསྡུས་ནུས་ཤུགས་དང་མང་ཚོགས་ཀྱི་མཁོ་བསྟུན་བྱ་ཐུབ་ཀྱི་ནུས་པ་ཇེ་མཐོར་གཏང་ཆེད། 

     ཉེ་ལམ། རྔ་བ་རྫོང་གིས་བློན་ཚང་ཡུལ་ཚོའི་ཁྰ་ཤི་གྲོང་ཚོར་ནགས་ཚལ་རྩྭ་ཐང་མེ་འགོག་མེ་གསོད་ཕྱོགས་བསྡུས་འཁྲབ་སྦྱོང་བྱས།

    འཁྲབ་སྦྱོང་བྱས་པ་བརྒྱུད། སྔར་ལས་ལྷག་པས་སྡེ་མི་ཡོངས་ཀྱིས་མཉམ་སྡེབ་ཀྱི་དམག་འཐབ་བྱེད་ཤུགས་ཇེ་མཐོར་བཏང་བ་དང་། བདེ་འཇགས་དང་བྱེད་ནུས་མཐོན་པོས་ཐོལ་བྱུང་གི་ནགས་ཚལ་རྩྭ་ཐང་མེ་སྐྱོན་གསོད་ཐུབ་པར་རྨང་གཞི་བརྟན་པོ་བཞག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1