ཧུང་ཡོན་རྫོང་གིས་འཁྱགས་ཉར་ཟས་རིགས་ལ་རིམ་བཤེར་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 02-01



    ཉེ་ཆར། ཧུང་ཡོན་རྫོང་ཨ་མོ་ཁོག་ཡུལ་ཚོའི་རིམས་འགོག་ཚན་ཆུང་གིས་ཡུལ་ཚོ་དེའི་མངའ་ཁུངས་ཀྱི་ཚོང་ཁང་དང་ཟ་ཁང་སོ་སོའི་འཁྱགས་ཉར་ཟས་རིགས་ལ་རིམ་བཤེར་བྱས་པ་དང་། རིམས་ནད་བཀག་འགོག་བདེ་འཇགས་ཐད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།
    ན་ནིང་གི་ཟླ་12པ་ནས་བཟུང་། ཡུལ་ཚོ་རིམས་འགོག་ཚན་ཆུང་གི་མི་སྣས་མངའ་ཁོངས་ཀྱི་འཁྱགས་ཉར་ཟས་རིགས་ཚོང་གཉེར་བྱེད་པའི་ཚོང་ཁང་དང་ཟ་ཁང་ལ་ཕྱོགས་ཡོངས་ནས་དུས་ངེས་མེད་དུ་རིམ་བཤེར་བྱས། འཁྱགས་ཉར་ཟས་རིགས་ཀྱི་ཡོངས་ཁུངས་དང་ཐོན་པའི་དུས་ཚོད། ཁ་གྲངས་སོགས་ཞིབ་མོར་ཐོ་འགོད་བྱས་ཏེ། ཚོང་བདག་གིས་ངེས་པར་དུ་ཚོང་ཟོག་ནང་འདྲེན་བྱེད་པར་བརྟག་དཔྱད་བྱེད་པ་དང་ཚོང་ཟོག་གི་དཔང་ཡིག་དང་པ་སེ་ཆ་ཚང་བ། ཕྱིར་ནང་འདྲེན་བྱེད་པར་ཐོ་ཡིག་བཀོད་ནས། ཚོང་གཉེར་ཟས་རིགས་ཀྱི་བྱུང་ཁུངས་འཚོལ་ཐུབ་པར་འགན་ལེན་ཡོད་པའི་རེ་བ་བཏོན།
    ཧུང་ཡོན་རྫོང་ཨ་མོ་ཁོག་ཡུལ་ཚོས་མུ་མཐུད་དུ་མངའ་ཁུངས་ཀྱི་ཚོང་ཁང་དང་ཟ་ཁང་སོགས་ཀྱི་འཁྱགས་ཉར་ཟས་རིགས་ལ་ལྟ་རྟོག་བྱ་ཚད་ཆེ་རུ་བཏང་བ་དང་། རྒྱུན་རྣམ་རང་བཞིན་གྱིས་དུས་གཏན་སྐོར་ཞིབ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཟས་རིགས་བདེ་འཇགས་སོགས་ལས་རིགས་ཁག་དོན་དུ་འཁྱོལ་བ་དང་། ཟས་རིགས་བདེ་འཇགས་འཛིང་རགས་བསྐྲུན་ནས་ཡུལ་ཚོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1