༄༅།།ཟླ་བའི་ཆུ་མིག

སྨོན་དུང་ཁྲག རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 02-03


ཚིག་གི་སྐྱེད་ཚལ་བཞེངས་དུས།།

ལྷུག་གྲོལ་དབྱངས་ཀྱི་མུ་ཏིག།

སེམས་སོང་ཟླ་བའི་ཆུ་མིག།

ཡལ་མེད་གཏན་དུ་འཁྱིལ་ཡོད།།

མུན་སེལ་འོད་ཕུང་དཀར་པོ།།

སེམས་པར་འདྲེས་ཤིང་འདྲེས་བཞིན།།

ལམ་གྱི་རང་མདངས་སྒྲོག་པའི།།

དབྱངས་ཀྱི་རྒྱལ་མོ་བསྟན་བྱུང་།།

ལས་ཀྱི་རྨུ་ཐག་རིང་མོ།།

ཆད་མེད་དམ་བཅའི་ཚིག་གིས།།

སྲུངས་ཤིང་སྲུང་བཞིན་ཡོད་པ།།

ཟླ་བའི་འོད་ལ་བཏགས་ཡོད།།

སེམས་ན་འཚེར་ཡོད་འཁྱིལ་ཡོད།།

ཟབ་སར་ཟུག་ཡོད་ཐིམ་ཡོད།།

རྨི་ལམ་རྒྱན་དུ་ཚེས་པ།།

སེམས་སོང་ཟླ་བའི་ཆུ་མིག།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1