ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མས་རྒྱལ་ཁབ་ས་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་དང་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་གི་འོས་མིར་ཆོག་མཆན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 02-03


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས2ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མས་འདེམས་ཤོག་འཕངས་ནས་ཡ་ལི་ཧང་ཏེ་ལོ·མ་གཡོད་ཁ་སི་དང་ཕི་ཏི་ཅེ་ཀེ་སོ་སོར་རྒྱལ་ཁབ་ས་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་དང་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་རྒྱུའི་ཆོག་མཆན་སྤྲད་པ་རེད།
        ཉིན་དེར་གྲོས་ཁང་གོང་མས་འདེམས་ཤོག56གིས་མོས་མཐུན་བྱུང་བ་དང་འདེམས་ཤོག43གྱིས་ངོ་རྒོལ་བྱས་པའི་བརྡས་ཐག་བཅད་མཐར་ལོ61ལ་སླེབས་པའི་ཁུ་པ་རྒྱལ་ཁོངས་ཀྱི་ཨ་རི་བ་མ་གཡོད་ཁ་སི་རྒྱལ་ཁབ་ས་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་རྒྱུའི་ཆོག་མཆན་སྤྲད། མཱ་གཡོད་ཁ་སི་ནི་ཨ་རིའི་གནས་སྤོ་ཡུལ་མི་བས་རྒྱལ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས་མཁན་ཐོག་མ་དེ་ཡིན་ཞིང་། དེ་སྔོན་ཨོ་པ་མ་སྲིད་གཞུང་ཁྲོད་རྒྱལ་ཁབ་ས་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་འཁུར་མྱོང་པ་མ་ཟད། རྒྱལ་ཁབ་ས་ཁོངས་བདེ་འཇགས་པུའུ་ཡི་ཨ་རིའི་སྤྱི་དམངས་དང་གནས་སྤོས་ཡུལ་མིའི་ལས་དོན་ཅུས་ཀྱི་ཅུས་ཀྲང་གི་ལས་འགན་འཁུར་མྱོང་ཡོད།
        ཉིན་དེར་གྲོས་ཁང་གོང་མས་འདེམས་ཤོག86གིས་མོས་མཐུན་བྱུང་པ་དང་འདེམས་ཤོག13གྱིས་ངོ་རྒོལ་བྱས་པའི་བརྡས་ཐག་བཅད་མཐར་ལོ39ལ་སླེབས་པའི་དབྱིན་ཏི་ཨན་ན་མངའ་སྡེ་ནན་པེན་ཏེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཟུར་པ་པུའུ་ཏི་ཅི་ཀེ་ཡིས་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་རྒྱུའི་ཆོག་མཆན་སྤྲད། པུའུ་ཏི་ཅེ་ཀེ་ནི2020ལོའི་ཨ་རི་ཙུང་ཐུང་འདེམས་བསྐོ་སྐབས་དམངས་གཙོ་ཏང་གི་གྲ་སྒྲིག་འདེམས་བསྐོའི་ནང་ཞུགས་མྱོང་མཁན་དེ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1