སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གྲོས་གཞི་འདི་འདྲ་ཕུལ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-03



     སྲིད་གྲོས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ཟླ་1པོའི་ཚེས་30ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3གྱི་སྟེང་ཅིན་ཉུའུ་མགྲོན་ཁང་ཆེན་མོའི་ནང་དུ་བསྡུ་འཚོགས་བྱས།
     ཚོགས་ཆེན་ཐོག་ཨུ་ཡོན་རྣམས་ཀྱིས་གཏམ་བཤད་གནང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཐེངས་བརྒྱད་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”འཆར་འགོད་ལས་འགོ་འཛུགས་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས། ཞིང་ཆེན་ཏང་ཨུའི་“རྐང་གཅིག་ཕྱོགས་མང་”གྱི་འཕེལ་རྒྱས་འཐབ་ཇུས་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན། བརྟན་ལྷིང་དྲུག་དང་འགན་ལེན་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་གལ་ཆེན་དང་། དེ་བཞིན་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པ་དང་གླེང་མང་བའི་དཀའ་གནད་བཅས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་ཡག་པོ་བཏོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1