རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་དོན་ལྟར་བཙུགས་པའི་ལས་ཁུངས་ཤིག་ཡིན་པ་མ་ཟད། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཤིག་ཀྱང་ཡིན། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དེ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་རུ་བཙུགས་ཡོད་ཅིང་། ཁོངས་མིའི་ནང་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་སྡོད་ཁང་སོ་སོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་། ཞིང་ལས་པུའུ། ཁོར་ཡུག་སྲུང་སྐྱོང་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་ཚན་པ32ཚུད་ཡོད།
སྤྱི་ལོ1952ལོའི་ཟླ3པར། ཀྲུང་དབྱང་རིམས་འགོག་ཨུ་ཡོན་ལྷན་ཁང་བཙུགས།
སྤྱི་ལོ1957ལོའི་ཟླ9བར། རྒྱལ་ཡོངས་སུ“གནོད་པ་བཞི་སེལ་བ་དང་འཕྲོད་བསྟེན་ལ་དང་དོད་བྱེད་པ། ནད་རིགས་རྩ་མེད་བཟོ་བ། སེམས་ཤུགས་སྐྱེད་པ། གོམས་སྲོལ་བསྒྱུར་བ། རྒྱལ་ཁབ་བསྒྱུར་བཀོད་བྱེད་པ”ཞེས་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ཞིང་། ཀྲུང་དབྱང་རིམས་འགོག་ཨུ་ཡོན་ལྷན་ཁང་དེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། ཟིང་འཁྲུག་གི་སྐབས་སུ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་བར་ཆད་བྱུང་མྱོང་།
སྤྱི་ལོ1978ལོའི་ཟླ4པར་ཡང་བསྐྱར་ཀྲུང་དབྱང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་བཙུགས།
སྤྱི་ལོ1998ལོའི་ཟླ3པར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་དབུ་བརྙེས། (རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང)
སྤྱི་ལོ2013ལོའི་ཟླ3པར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུའུ་དབུ་བརྙེས། (རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང)