ཨ་མེ་རི་ཁའི་གྲོས་ཞུགས་ཁང་གིས་རྒྱལ་ཁོངས་བདེ་འཇགས་པུའུ་ཀྲང་དང་འགྲིམ་འགྲུལ་པུའུ་ཀྲང་གི་འདེམ་སྒུག་མི་སྣར་ཆོག་མཆན་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-04


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གིས་ཚེས་གཉིས་ཉིན་འདེམ་ཤོག་འཕངས་ཏེ། མཱ་ཡའོ་ཁཱ་སི་དང་པུའུ་ཏིས་ཅི་ཀི་གཉིས་ཀྱིས་སོ་སོར་རྒྱལ་ཁོངས་བདེ་འཇགས་པུའུ་ཀྲང་དང་འགྲིམ་འགྲུལ་པུའུ་ཀྲང་གི་འགན་ཁུར་བར་ཆོག་མཆན་བཀོད། 
        གྲོས་ཞུགས་ཁང་ནས་ཉིན་དེར་འདེམ་ཤོག་ང་དྲུག་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ཞེ་གསུམ་གྱིས་ངོ་རྒོལ་བྱེད་པའི་བརྡས་གཅོད་མཇུག་འབྲས་ཀྱིས་ལོ་རེ་གཅིག་ཡིན་ཞིང་ཁུ་པཱའི་རྒྱུད་ཡིན་པའི་མཱ་ཡའོ་ཁཱ་སི་ཡིས་རྒྱལ་ཁོངས་བདེ་འཇགས་པུའུ་ཀྲང་གི་འགན་ཁུར་བར་ཆོག་མཆན་བཀོད། མཱ་ཡའོ་ཁཱ་སི་ནི་ཨ་མེ་རི་ཁའི་གནས་སྤོར་སྡོད་དམངས་ལས་རྒྱལ་ཁོངས་བདེ་འཇགས་པུའུ་ཀྲང་གི་འགན་ཁུར་མཁན་ཐོག་མ་རེད། དེའི་སྔོན་ཁོས་ཨོ་པཱ་མཱའི་སྲིད་གཞུང་ནང་རྒྱལ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར་མྱོང་བ་དང་། སྔོན་ཆད་རྒྱལ་ཁོངས་བདེ་འཇགས་ཀྱི་ཁོངས་སུ་གཏོགས་པའི་ཨ་མེ་རི་ཁའི་སྤྱི་དམངས་དང་གནས་སྤོར་སྡོད་དམངས་ལས་དོན་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་མྱོང་། 
        ཉིན་དེར་གྲོས་ཞུགས་ཁང་ནས་འདེམ་ཤོག་གྱ་དྲུག་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བཅུ་གསུམ་གྱིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ལོ་སོ་དགུ་ཡིན་པའི་ཡུན་ཏིས་ཨན་ནཱ་ཀྲིག་ནན་པིན་ཏི་གྲོང་ཁྱེར་གྱི་སྔོན་ཆད་ཀྱི་ཧྲི་ཀྲང་པུའུ་ཏིས་ཅི་ཀི་ཡིས་འགྲིམ་འགྲུལ་པུའུ་ཀྲང་གི་འགན་ཁུར་བར་ཆོག་མཆན་བཀོད། པུའུ་ཏིས་ཅི་ཀི་ཉིས་སྟོང་ཉི་ཤུ་ལོའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་དམངས་གཙོ་ཏང་གི་གྲ་སྒྲིག་འདེམ་བསྐོར་ཞུགས་མྱོང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1