བྱང་ཐང་གི་དགུན་དུས་ཀྱི་འཚོ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-08


  

     བྱང་ཐང་ནི་བོད་ལྗོངས་བྱང་ཕྱོགས་སུ་ཡོད་ཅིང་། ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་ཡོད་པ་དང་། དེ་ལ་“འཛམ་གླིང་ཡང་རྩེ”ཡི་“ཡང་རྩེ”རུ་འབོད་པ་རེད། དགུན་དུས་ཀྱི་བྱང་ཐང་མཐོ་སྒང་ནི་གྲང་ངར་ཆེ་ཞིང་དབྱང་རླུང་དཀོན་པ། ནམ་ཟླ་ངན་ལ་མངའ་ཁོངས་སུ་མི་ཧ་ཅང་ཉུང་། བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོ་ནི་“གནམ་མཚོའི་”འགྲམ་དུ་ཆགས་ཡོད། དེ་སྔོན་ས་ཆ་འདི་རུ་འཚོ་བ་སྐྱེལ་བའི་མཐོ་སྒང་གི་འབྲོག་མིས་རྩྭ་ཆུ་དང་བསྟུན་ནས་མཚེས་སྤོ་བའི་འབྲོག་པའི་འཚོ་བ་སྐྱེལ་དགོས་པས། དགུན་དུས་ཀྱི་འཚོ་བ་དཀའ་ཚེགས་ཆེན་པོ་ལྡན། ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་པའི་ཁང་པ་སྒྱུར་བཅོས་དང་འབྲོག་མིའི་གནས་གཏན་སྡོད། དབུལ་སྐྱོར་གནས་སྤོ་གཙོ་བོ་བྱེད་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པས། མཐོ་སྒང་གི་འབྲོག་མིའི་བདེ་སྡོད་ལས་བརྩོན་གྱི་རེ་སྨོན་མངོན་འགྱུར་བྱུང་ཡོད།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1