ཧུང་ཡོན་རྫོང་གིས་ཕྱུགས་ཟོག་དགུན་སྐྱེལ་ཐུབ་པར་འགན་ལེན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 02-08





    ཟླ་2ཚེས་2ཉིན། ཧུང་ཡོན་རྫོང་གི་འབྲོག་པ་མང་ཚོགས་ཀྱིས་གནག་ཕྱུགས་ལ་དགུན་དཔྱིད་དུས་སུ་སྟེར་རྒྱུའི་གཟན་རྩྭ་དབོར་འདྲེན་བྱེད་ཀྱིན་ཡོད། 2016ལོ་ནས་བཟུང་། རྫོང་དེས་དྲོད་ཁང་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཆེན་བྱས་པས། མིག་སྔར་རྫོང་ཡོངས་སུ་དྲོད་ཁང་3204དང་། གནོད་འགོག་ཕྱུགས་སྲུང་རྩྭ་གསོའི་རྟེན་གཞི་4བཙུགས་ནས་དགུན་དུས་སུ་ཕྱུགས་ཟོག་ཁྲི་13ལ་ཁ་བས་གནོད་སྐྱོན་མི་འཕོག་པའི་འགན་ལེན་བྱེད་ཐུབ། 

    ད་ལོར། རྫོང་དེས་གནོད་འགོག་ཕྱུགས་སྲུང་གི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གཟན་རྩྭ་ཏུན་460ལྷག་ཙམ་ཉོས་པས་གནག་ཕྱུགས་ཁྲི་59ལྷག་ཙམ་གྱིས་བདེ་ལེགས་ངང་དགུན་སྐྱེལ་ཐུབ་རྒྱུར་འགན་ལེན་ཐུབ་བོ།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1