ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-10


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་ལ་ཁ་པར་བཏང་། ཞི་ཅིན་ཕིང་གིས་རོན་ཧྥུའུ་ཀྲུང་གིས་བསྟུད་མར་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར་བར་ཡང་བསྐྱར་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་བསྟན་དོན། ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུར་པར་མ་ཟད། འཕེལ་རྒྱས་གསར་བའི་དུས་རིམ་གྱི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་པ་དང་། དེ་ནི་ཡོ་ནན་གྱི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལས་དོན་གྱི་བརྒྱུད་རིམ་ཁྲོད་དུ་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་རོན་ཧྥུའུ་ཀྲུང་མགོ་གཙོ་ཡིན་པའི་སྐབས་གསར་བའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ། ཡོ་ནན་གྱི་ཏང་དང་མི་དམངས་ཀྱིས་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་བཏོན་པའི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབ་བྱས་ཏེ། འབད་འཐབ་ཀྱི་སྒོ་ནས་ཡོ་ནན་གྱི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བཅས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། སྤྱི་ཚོགས་རིང་ལུགས་ལས་དོན་གྱི་དར་རྒྱས་གོང་འཕེལ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ལ་ཕན་པ་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པ་དང་ལོ་ལྔའི་འགོད་བཅུ་བཞི་བ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་དང་། ཡོ་ནན་གྱིས་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ལོ་ཡང་ཡིན་པས། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བའི་སྟེང་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། ཏང་གཉིས་ཀྱི་མཐོ་རིམ་ཆབ་སྲིད་སྣེ་ཁྲིད་དང་མཐུན་སྦྱོར་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
        རོན་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོ་རང་ཡང་བསྐྱར་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་བདམས་པར་སྨོན་འདུན་བཟང་བོ་ཞུས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་ཡོ་ནན་གྱི་རྗེས་ཕྱོགས་ཀྱི་ལོ་ལྔའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འོས་འགན་དང་། ཉིས་སྟོང་སུམ་ཅུ་ལོའི་བར་དང་ཉིས་སྟོང་ཞེ་ལྔ་ལོའི་བར་གྱི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱས་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་འཕེལ་རྒྱས་སླར་གསོ་བྱས་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་ཕུན་སུམ་ཚོགས་པའི་ངང་ནས་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུ་བཞིན་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1