ནོར་གནག་ཁྱུ་དང་ཁྱུ་བྱས་ནས་ཁ་བའི་ཁྲོད་དུ་རྒྱུག་བཞིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-22


    ཟླ་1ཚེས་15ཉིན་གྱི་ཞོགས་པར། མཚོ་ངོས་ལས་མཐོ་ཚད་སྨི་4100ཡོད་པའི་སེར་ཤུལ་རྫོང་མཐོ་སྒང་སྤང་ཐང་གི་དྲོད་ཚད་ནི་ཀླད་གོར་འོག་གི་15℃ཡིན་ཞིང་། ཁ་བའི་ཁྲོད་གཟུགས་པོ་ཆེ་ལ་རྭ་ཅོ་རིང་བ། རྩིད་པ་མཐུག་པོ་སྐྱེས་པའི་འབྲོང་ཁྱུ་གཅིག་མིག་གི་མཐོང་ལམ་དུ་གྱུར། 


   ལོ་མང་རིང་། སི་ཁྲོན་ཉིན་རེའི་ཚགས་པར་སྨན་སྦྱོར་ཀུན་འདུས་ཀྱི་གསར་འགོད་པ་སྔ་ཕྱི་ཐེངས་བཅུ་ལ་དཀར་མཛེས་ཁུལ་དང་རྔ་བ་ཁུལ། ལའེ་ཧྲན་ཁུལ་གྱི་མཐོ་སྒང་གྲང་ངར་ཆེ་བའི་འབྲོག་སར་བསྐྱོད་དེ། མཚོ་ངོས་ལས་མཐོ་ཚད་སྨི་4000ཡན་གྱི་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས། ཀན་སུའུ་བཅས་ཀྱི་སྣོལ་མཚམས་ཀྱི་མཚོ་བོད་མཐོ་སྒང་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕྱིན་ནས། དུས་ཚིགས་མི་འདྲ་བ་དང་ཁོར་ཡུག་མི་འདྲ་བའི་ཁྲོད་ཀྱི་འབྲོང་གི་འཚོ་བའི་གནས་ཚུལ་དང་ནོར་གནག་གི་འབྲོག་ལས་འཕེལ་རྒྱས་སྐོར་གྱི་ཟིན་ཐོ་བཀོད་ཡོད། 


   འབྲོང་ནི་མཚོ་བོད་མཐོ་སྒང་དུ་དམིགས་བསལ་དུ་ཡོད་པ་ཞིག་དང་། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་རེད། གྲང་ངར་གཟོད་ཐུབ་པའི་འབྲོང་དག་ནི་སི་ཁྲོན་ནུབ་རྒྱུད་དང་མཚོ་སྔོན། བོད་ལྗོངས། ཀན་སུའུ་སོགས་སུ་ཡོད་ཅིང་། འཚོ་གནས་བྱེད་ས་ནི་མཚོ་ངོས་ལས་མཐོ་ཚད་སྨི་3000-5000གི་མཐོ་སྒང་སྤང་ཐང་ས་ཁུལ་དང་། རི་གསེབ་གྲོང་རོང་། གྲང་ངར་ཆེ་བའི་ཐང་རྒོད་རྩྭ་ཐང་སོགས་ཀྱི་མཐོ་སྒང་གྲང་ངར་ཆེ་བའི་ཁོར་ཡུག་ཏུ་འཚོ་གནས་བྱས་ཡོད། དུས་རབས་གོང་མའི་དུས་མཇུག་ནས་ད་ལྟའི་དུས་རབས་ཀྱི་དུས་མགོའི་བར། རྒྱལ་ཁབ་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་སྣོད་བཅུད་བཅོས་སྐྱོང་དོ་དམ་སྲུང་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ་ནས་བཟུང་། འབྲོང་གི་ཁ་གྲངས་མགྱོགས་པོར་བསྐྱར་གསོ་བྱུང་ཡོད་ཅིང་། ད་ཆར། རི་མཐོ་ས་དང་མི་ཉུང་བའི་མཐོ་སྒང་དུ་སྐབས་རེར་འབྲོང་ཉུང་ན་བཅུ་ལྷག་དང་། མང་ན་བརྒྱ་ལྷག་མཐོང་སྲིད་ཀྱིན་ཡོད། 


   བསྡོམས་རྩིས་བྱས་པར་གཞིགས་ན། སི་ཁྲོན་ཞིང་ཆེན་དུ་ད་ལྟ་ནོར་གནག་ཁྲི་450ཡོད་ཅིང་། དེ་ནི་རྒྱལ་ཡོངས་ཀྱི་ནོར་གནག་ཁ་གྲངས་ལས་27%ཟིན་ཞིང་། རྒྱལ་ཡོངས་ཀྱི་ཨང་གསུམ་པ་རེད། འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོའང་རེད། ཉེ་བའི་ལོ་འགའི་རིང་། སི་ཁྲོན་ཞིང་ཆེན་གྱི་མཐོ་སྒང་གི་འབྲོག་ཁུལ་དུ“ཁེ་ལས་+མཉམ་ལས་ཁང་+འབྲོག་ཁྱིམ”གྱི་འཕེལ་རྒྱས་རྣམ་པ་ལ་བརྟེན་ནས། ནོར་གནག་གསོ་སྤེལ་ཐོན་ལས་ཅན་གྱིས་འབྲོག་ལས་མགྱོགས་པོ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་པ་དང་། འབྲོག་པ་མང་ཚོགས་དབུལ་སྒྲོལ་ཡོང་འབབ་བྱུང་ནས་ཕྱུག་པོར་འགྱུར་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་སྣེ་ཁྲིད་བྱས་ཡོད། 







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1