དབྱི་སི་རལ་དང་ཨ་མེ་རི་ཁས་ཅན-4རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་གསར་སྤེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-22


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཅན-4རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་གསར་སྤེལ་བྱེད་པའི་བྱ་བ་སྤེལ་ཡོད་ཟེར། 
        གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་ཁོངས་སུ་གཏོགས་པའི་འཕུར་མདའི་འགོག་སྲུང་རྩ་འཛུགས་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་འཕུར་མདའི་འགོག་སྲུང་ཅུའུ་ཡིས་ཅན-4རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་གསར་སྤེལ་བྱེད་པའི་བྱ་བ་སྤེལ་མགོ་བརྩམས་ཡོད། ཅན-4རྟགས་ཅན་ནི་སྔོན་ཐོན་གྱི་འཕུར་མདའི་འགོག་སྲུང་མ་ལག་ཅིག་ཡིན་པ་དང་། ས་ཁུལ་ཁྱབ་ཁོངས་ནང་གི་འགྱུར་ལྡོག་འབྱུང་བཞིན་པའི་འཇིགས་ཉེན་ཐག་གཅོད་བྱེད་ཐུབ་ལ། མ་འོངས་པའི་ལོ་ངོ་བཅུ་ལྷག་གི་ནང་ཅན-2རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་གི་ཚབ་བྱེད་ཐུབ་ངེས་རེད། 
        དབྱི་སི་རལ་གྱི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཀན་ཚི་ཡིས་ཉིན་དེར་བསྟན་དོན། དབྱི་སི་རལ་གྱི་རྒྱལ་སྲུང་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འགོག་སྲུང་དང་དཔུང་འཇུག་ནུས་པ་ཇེ་མཐོར་གཏོང་བར་འབད་འབུངས་བྱས་ཏེ། རྒྱལ་ཁབ་དེར་འཇིགས་ཉེན་བཟོ་བའི་འཕུར་མདར་འགོག་རྒོལ་བྱེད་དགོས། ཅན-4རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་གི་ལག་རྩལ་དང་ཁ་ལོ་བསྒྱུར་བའི་བྱེད་ནུས་ཇེ་ལེགས་སུ་འགྲོ་སྲིད་པ་དང་། དབྱི་སི་རལ་གྱིས་ས་ཁུལ་གྱི་འགྱུར་ལྡོག་བྱེད་བཞིན་པའི་འཇིགས་ཉེན་ཐག་གཅོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 
        ཅན་རྟགས་ཅན་གྱི་འཕུར་མདའི་མ་ལག་ནི་དབྱི་སི་རལ་དང་ཨ་མེ་རི་ཁས་མཉམ་འབྲེལ་གྱིས་གསར་སྤེལ་བྱས་པ་དང་། མིག་སྔར་ཅན-2རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་དང་ཅན-3རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་གིས་གྲུབ་ཡོད། རླུང་ཁམས་ཆེན་མོའི་ཕྱི་རོལ་ནས་གླིང་ཆེན་བར་གྱི་འཕུར་མདའ་འགོག་པར་དམིགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1