ཟུང་ཆུ་རྫོང་གིས་མི་མེད་གནམ་གྲུ་བཀོལ་ནས་མེ་སྐྱོན་སྔོན་འགོག་གི་བྱ་བ་བསྒྲུབ།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 02-25



    དཔྱིད་གསར་དུས་ཆེན་རིང་ནགས་ཚལ་མེ་འགོག་གི་དུས་བབ་ཛ་དྲག་ཆེ་བའི་མདུན་དུ། ཟུང་ཆུ་རྫོང་གིས་མཐོ་གསར་ལག་རྩལ་ལ་བརྟེན་ནས་མི་མེད་གནམ་གྲུས་ནགས་སྲུང་སྐོར་ཞིབ་བྱས་ཏེ་ནགས་སྲུང་མེ་ཟོན་དྲ་རྒྱ་བཙུགས་ནས་ནགས་ཚལ་བདེ་འཇགས་འགན་ལེན་བྱས། 
    དཔྱིད་གསར་དུས་ཆེན་རིང་། ཟུང་ཆུ་རྫོང་གིས་མི་མེད་གནམ་གྲུ་དང་མི་ཟུང་འབྲེལ་བྱེད་པའི་ཐབས་སྤྱད་ནས་མེ་འགོག་སྐོར་ཞིབ་བྱས། མི་མེད་གནམ་གྲུའི་སྐོར་ཞིབ་ལ་མགྱོགས་པ་དང་། ཆ་ཚང་བ། ཞིབ་ཚགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་སྐབས་བསྟུན་རང་བཞིན་ཆེ་བས། གནམ་གཤིས་ལ་མ་བལྟོས་པར་ནགས་ཁུལ་ལ་ལྟ་ཞིབ་ཚད་ལེན་བྱས་ནས་དོགས་གཞི་ཅན་གྱི་དམིགས་ཚད་རང་འགུལ་ངང་དབྱེ་འབྱེད་དང་རྒྱུན་མཐུད་ལྟ་ཞིབ་བྱེད་ཐུབ་ཀྱི་ཡོད། 


  མི་མེད་གནམ་གྲུས་གཞི་གྲངས་དུས་ཐོག་ཏུ་བརྒྱུད་སྤྲོད་བྱས་ཚེ་ནགས་ཚལ་མེ་ཉེན་སྔོན་དཔག་སྔོན་བརྡ་གཏོང་བའི་གནད་འཁེལ་རང་བཞིན་དང་དུས་ཐོག་རང་བཞིན་ནུས་ལྡན་ངང་མཐོ་རུ་འགྲོ་བས། ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་ཡིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་། དུས་ཐོག་ཏུ་ལས་འགན་སྒྲུབ་པ། མཛུབ་ཁྲིད་ནུས་ལྡན་བཅས་བྱ་ཆེད་གཞི་གྲངས་ཀྱི་ཐོག་ནས་རྒྱབ་སྐྱོར་ནུས་ལྡན་བྱེད་ཐུབ་ཀྱི་ཡོད། ཟུང་ཆུ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣས་གསར་འགོད་པར་དཔྱིད་གསར་དུས་ཆེན་རིང་ང་ཚོའི་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཁྱོན་རླངས་འཁོར་ཐེངས་40ལྷག་ཙམ་བཏང་བ་དང་མི་ཐེངས་200ལྷག་ཙམ་བཏང་ནས་རྫོང་ཡོངས་ཀྱི་གྲོང་ཚོ་ཁག་དང་ཡུལ་ཚོ་དང་གྲོང་རྡལ་ཁག་གི་གཙོ་གནད་ནགས་ཁུལ་དུ་ཕྱོགས་མང་པོའི་སྒོ་ནས་སྐོར་ཞིབ་བྱས་ཡོད་ཅེས་བཤད། 
    ཟུང་ཆུ་རྫོང་གི་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཡུལ་ཚོ་དང་གྲོང་རྡལ་ཁག་གི་གལ་ཆེའི་ནགས་ཁུལ་དུ་རི་ཁར་སྐྱོད་སའི་ལམ་མདོ་རུ་འགག་སྒོ་བཙུགས་པ་དང་། གཞུང་ལམ་སྐོར་གཡེང་རྒྱུན་གཏན་ཅན་དུ་བཏང་བ། ཐག་རིང་གི་རི་བོར་མི་མེད་གནམ་གྲུས་སྐོར་ཞིབ་བྱེད་པ་བཅས་རིམ་གསུམ་སྐོར་གཡེང་བྱེད་སྟངས་སྤྱད་དེ་འཁོར་རིགས་དྲིལ་བསྒྲགས་དང་ནགས་སྲུང་གི་རུ་མི་སོགས་བཏང་སྟེ་ནུས་ཤུགས་ཡོད་རྒུས་ནགས་ཚལ་མེ་འགོག་སྐོར་གཡེང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་མེ་སྐྱོན་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1