དཀར་མཛེས་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོས་ཉེན་མེད་བརྟན་འཇགས་ཀྱི་གློག་སྤྱོད་ཐུབ་པ་བྱུང་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-24


ཁྲོན་བོད་གློག་དྲ་སྦྲེལ་བའི་འདྲ་པར།

             སྤྱི་ཟླ་12པའི་ཚེས་20ཉིན་གྱི་དགོང་མོར། དཀར་མཛེས་ཁུལ་འབའ་ཐང་རྫོང་གི་སྟོང་ཧྥུ་110ཅན་གྱི་བྱ་ཁྱུང་གློག་སྒྱུར་ལས་གཞི་དེ་དངོས་སུ་འཁོར་སྐྱོད་བྱེད་པའི་འགོ་བརྩམས་ཤིང་། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་ཡི་གློག་དྲ་ཆེན་པོའི་གློག་ཤུགས་ཀྱིས་འབའ་ཐང་རྫོང་གི་གློག་མེད་པའི་དཀའ་ཁག་རྩ་བ་ནས་སེལ་ཡོད། དེར་བརྟེན། དཀར་མཛེས་ཁུལ་གྱི་རྫོང་ཁག་18པོའི་གློག་དྲ་སྦྲེལ་བའི་ལས་གཞི་མངོན་འགྱུར་བྱས་ཡོད་པ་མ་ཟད། ཁུལ་ཡོངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོས་ཉེན་མེད་བརྟན་འཇགས་ཀྱི་གློག་དྲ་སྤྱོད་ཐུབ་པ་བྱུང་ཡོད། 

             དཀར་མཛེས་ཁུལ་གྱི་གློག་ཤུགས་མཁའ་ལམ་ལས་གཞི་འཛུགས་སྐྲུན་གྱི་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་186.79ཡིན་ལ། ལས་གཞི་འདིར་བསྡོམས་པས་སྟོང་ཧྥུ་500ཅན་གྱི་ལས་གཞི་རིགས་9དང་། སྟོང་ཧྥུ་220ཅན་གྱི་ལས་གཞི་རིགས་4ཡོད། དེ་མིན་སྟོང་ཧྥུ་110ཅན་གྱི་ལས་གཞི་རིགས་21དང་། སྟོང་ཧྥུ་35ཅན་གྱི་ལས་གཞི་རིགས་67བཅས་ཡོད་པ་རེད། ན་ནིང་ལོ་མཇུག་ནས་བཟུང་། དཀར་མཛེས་དང་། དར་མདོ། ཉི་སྟེང་། གཡག་རྔ། རྟའུ། བྲག་མགོ་སོགས་ཀྱི་རྫོང་ཁག་9ལ་གློག་དྲ་གཙོ་བོའི་མ་ལག་དང་སྦྲེལ་བའི་ལས་གཞི་མངོན་འགྱུར་བྱུང་ཡོད།  ད་ལོར། དེ་མིན་གྱི་རྫོང་ཁག་9ཡི་གློག་དྲའི་ལས་གཞི་དག་གློག་དྲ་གཙོ་བོའི་མ་ལག་དང་སྦྲེལ་ཐུབ་པ་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1