སྨར་ཁམས་ཀྱི་ཚྭ་ཞིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-01



   བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཟླ་ཆུའི་འགྲམ་ངོགས་སུ་ཆགས་པའི་གནའ་བོའི་ཚྭ་ཞིང་ནི་ད་ལྟའི་བར་གདོད་མ་བཞིན་ལག་ཤེས་ལ་བརྟེན་ནས་ཚྭ་ཆུ་ཉི་སྐམ་གཏོང་ཐབས་རྒྱུན་འཁྱོངས་བྱས་ཡོད། ཚྭ་ཞིང་ནི་ཟླ་ཆུའི་ངོགས་གཉིས་སུ་རི་ལ་བསྙེས་ནས་བཟོས་ཤིང་། ཀ་སྒྲོམ་མང་པོ་བསླངས་ཡོད་པ་དང་། སྒྲོམ་གཞིའི་ཐོག་ཏུ་ཆུ་སིམ་ཆེ་བའི་འདམ་ཞལ་ཁོད་སྙོམས་ལ་མཁྲེགས་པོ་ཞིག་བཏིངས་ཡོད། ས་ཆ་དེའི་ཡུལ་མིས་ཟླ་ཆུའི་འགྲམ་གྱི་ཚྭ་ཁྲོན་དང་ཚྭ་རྫིང་ནས་ཚྭ་ཆུ་བླངས་ཏེ་ཚྭ་ཞིང་ནང་བླུགས་ནས་ཉི་སྐམ་དང་རླུང་སྐམ་བཏང་རྗེས་རྡོག་ཧྲིལ་ནས་ཚྭ་ཆགས་ཀྱི་ཡོད། ཐག་རིང་ནས་བལྟས་ན། ཚྭ་ཞིང་གྲལ་སྟར་འགྲིག་ལ། ཚྭ་ཞིང་ནང་གི་ཚྭ་ཆུ་ནི་མེ་ལོང་བཞིན་གསལ་བས་མཛེས་སྡུག་ངོ་མཚར་ཆེ་བའི་རྣམ་པ་ཞིག་མངོན་གྱི་ཡོད།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1