དབྱིན་ཇི་རུ་ལོ་རྒྱུས་ཐོག་ཆེས་སྔ་བའི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་གསར་དུ་རྙེད་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-24


དབྱིན་ཇིའི་ཤུལ་བཞག་དངོས་རྫས་ཨུ་ཡོན་ལྷན་ཁང་གིས་ད་ལྟ་དབྱིན་ཇི་རུ་ཡོད་པའི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་ཆེས་རྒན་ཤོས་སུ་ངོས་འཛིན་བྱས་པའི་སྒྲོན་ཤིང་གི་འདྲ་པར།

           སྤྱི་ཟླ་12པའི་ཚེས་22ཉིན།《དབྱིན་ཇིའི་ཉིན་རེའི་སྦྲག་སྲིད་ཚགས་པར།》ཐོག་གནས་ཚུལ་བཀོད་གསལ་ལྟར་ན། དབྱིན་ཇིའི་སའོ་སི་ས་ཆའི་ཉེ་འཁོར་གྱི་ཝེར་སི་ཐྲི་སྤྱི་གླིང་དུ་སྒྲོན་ཤིང་ཆེན་པོ་ཞིག་ཡོད་པ་དེ། དབྱིན་ཇིའི་ཤུལ་བཞག་དངོས་རྫས་ཨུ་ཡོན་ལྷན་ཁང་གིས། ད་ལྟ་དབྱིན་ཇི་རུ་ཡོད་པའི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་ཆེས་རྒན་ཤོས་སུ་ངོས་འཛིན་བྱས་ཡོད་པ་དང་།  རྒྱུས་ལོན་བྱུང་བ་ལྟར་ན། སྡོང་རྒན་འདི་ལ་ལོ་ངོ་158ཀྱི་ལོ་རྒྱུས་ཡོད།

           དེ་ཡང་མཐོ་ཚད་ལ་ཧ་ལམ་སྨི་30ཡོད་པའི་སྒྲོན་ཤིང་འདི་ནི། 1856ལོར་ཝེར་སི་ཐྲི་སྤྱི་གླིང་དུ་བཙུགས་པ་ཞིག་ཡིན་ལ། འདི་ཡང་དབྱིན་ཇིའི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་ཆེ་ཤོས་སུ་བརྩིས་པ་ཐེངས་དང་པོ་དེ་ཡིན། སྔོན་ཆད་ཡེ་ཤུའི་འཁྲུངས་སྐར་རོལ་ཐེངས་རེ་རེར་རྟེན་འབྲེལ་ལྗོན་ཤིང་འདིའི་རྩ་བ་ནས་བཀོག་ཏེ་བརྗིད་ཉམས་ལྡན་པའི་ཐོག་ཁང་གི་ཚོམས་ཆེན་དུ་བཞག་ཅིང་དེའི་ཐོག་ཚོན་ཁྲ་ཅན་གྱི་གློག་འོད་སྣ་ཚོགས་ཀྱིས་བརྒྱན་པར་བྱེད། འོན་ཀྱང་རྟེན་འབྲེལ་ལྗོན་ཤིང་ཇེ་ཆེར་སོང་བ་དང་བསྟུན་ནས་ཚོམས་ཆེན་ནང་གནས་སྤོ་ཐབས་བྲལ་བར་གྱུར། དེ་དང་བསྟུན་ནས་མི་རྣམས་ཀྱིས་ལྗོན་ཤིང་འདི་ཉིད་གཏིང་བརྗེད་དུ་སོང་བ་རེད། འདི་ལྟར་རྟེན་འབྲེལ་ལྗོན་ཤིང་འདི་ལ་ཡེ་ཤུའི་འཁྲུངས་སྐར་གྱི་རྒྱན་ཆས་མ་སྤྲས་པར་ལོ་ངོ་བཅུ་ཕྲག་འགའ་འདས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1