ལོ་མཇུག་སྔོན་ལ་རིམས་ནད་མཇུག་སྒྲིལ་བའི་བསམ་ཚུལ་དོན་དངོས་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-04



            ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས1ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྒྱུན་གཏན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་བྲེལ་མྱུར་རྣམ་གྲངས་ཀྱི་འགན་འཁུར་པ་མའེ་ཁོར•རོས་ཨན་གྱིས་བསྟན་དོན། ད་ལོའི་ལོ་མཇུག་སྔོན་ལ་རིམས་ནད་མཇུག་སྒྲིལ་བའི་བསམ་ཚུལ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། ད་ལྟ་ད་རུང་དུས་སྔ་འདུག་པ་དང་། བྱེད་ཐབས་ལེགས་ཤོས་ནི་སྨན་ཁང་དུ་སྡོད་པའི་ནད་དཔེའི་གྲངས་ཀ་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན། འདི་ནི་ཏོག་གསར་གློ་ཚད་རིམས་ནད་མཆེད་ཚད་ཆེ་རུ་སོང་ནས་བསླངས་པའི་སྐྱོ་གར་ཞིག་ཡིན། མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དོ་སྣང་བྱ་ཡུལ་གཙོ་བོ་ནི་རིམས་ནད་མཆེད་པར་ཚོད་འཛིན་བྱེད་གང་ཐུབ་བྱས་ཏེ། ནད་དུག་འགྱུར་ལྡོག་འབྱུང་བར་བཀག་འགོག་བྱེད་དགོས་ཤིང་། དུས་མཚུངས་སུ་སྨན་པར་བསྟེན་དགོས་པའི་ནད་དཔེ་ཇེ་ཉུང་དུ་གཏོང་དགོས། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་མི་དེ་བས་མང་པོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་ཐུབ་པ་བྱེད་པ་དང་། ལྷག་པར་དུ་འཐབ་ས་དང་པོའི་མི་སྣ་དང་ཉམ་ཆུང་མི་ཚོགས་ཡིན། གལ་ཏེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་གྱིས་སྨན་ཁང་དུ་སྡོད་པའི་ནད་པ་དང་ཤི་བའི་ནད་དཔེའི་གྲངས་ཀར་ཤུགས་རྐྱེན་ཐེབས་ཐུབ་པར་མ་ཟད། ད་རུང་རིམས་ནད་མཆེད་པའི་ཉེན་ཁ་མངོན་གསལ་གྱིས་ཇེ་ཉུང་དུ་གཏོང་ཐུབ་ཚེ། རིམས་ནད་ཚོད་འཛིན་བྱེད་ཚད་ཇེ་མགྱོགས་སུ་གཏོང་ཐུབ་ཅིང་། མིག་སྔར་གྱི་གནས་བབ་དེ་གཟའ་འཁོར་བཅུའི་སྔོན་ལས་ཧ་ཅང་བཟང་བ་ཡིན།

            འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་བྲེལ་མྱུར་རྣམ་གྲངས་ལག་རྩལ་གཙོ་འཛིན་པ་མཱ་ལི་ཡ•ཧྥན•ཁི་ཧོ་ཧྥུས་བསྟན་དོན། གཟའ་འཁོར་སྔོན་མར་གསར་བྱུང་ནད་དཔེ་ཡང་བསྐྱར་ཇེ་མཐོར་སོང་བ་ལས། གལ་ཏེ་ང་ཚོས་ནད་དུག་ཁྱབ་ཚུལ་སྣང་མེད་དུ་བསྐྱུར་ཚེ། རིམས་ནད་ལྡོག་འཕར་འབྱུང་སྲིད། ལྷག་པར་དུ་ད་ལྟ་འགོག་ཁབ་དར་སྤེལ་བྱས་ཟིན་པའི་གནས་ཚུལ་འོག  ནད་དུག་ཡང་བསྐྱར་ལྡོག་འཕར་འབྱུང་དུ་འཇུག་མི་ཉན་ཞེས་བཤད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1