རྫོང་རྒྱབ་ཀླུ་ཁང་དུ་དཔྱིད་དཔལ་རབ་ཏུ་བཞད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-05



    ཞོགས་པ་མི་རྣམས་གཉིད་ལས་དཀྲོག་མཁན་ནི་ལྷ་སའི་རྫོང་རྒྱལ་ཀླུ་ཁང་གི་བྱ་བྱེའུ་དང་ཞོགས་སྦྱོང་བྱེད་མཁན་རྣམས་རེད། ལྷ་སའི་དཔྱིད་དཔལ་ཡང་འདི་ནས་བཞད་འགོ་བརྩམས། 
    རྩྭ་རྩི་ཤིང་གི་ཡལ་ཆུང་འབུས་ཤིང་། ཁྲོམ་ལམ་འགྲམ་གྱི་སྔོང་ཕྲན་ཡང་མྱུ་གུ་འབུས་བཞིན་འདུག སྤྱི་གླིང་ལས་བྱེད་པས་དཔྱིད་དུས་ཀྱི་སྤྱི་གླིང་སྔོ་སྒྱུར་བདག་སྐྱོང་གི་དུས་ཚིགས་བཟང་ཤོས་བཟུང་ནས། ཆུ་གཏོར་ལས་ཀར་བྲེལ་འགོ་ཚུགས། 
   དགུན་ཁ་དར་ཁ་ཆགས་པའི་མཚེའུ་ངོས་རིམ་བཞིན་བཞུར་འགོ་བརྩམས་ཤིང་། ཉ་མོ་ཆུ་ནང་དུ་འཁྱུག་རྩལ་ངོམ་བཞིན་མཆིས། སྤྱི་གླིང་ནང་གྲོང་མི་ཚོས་ཆུ་ནང་ཉ་ཟས་དབྱུགས་མི་ཆོག་པའི་བཀག་སྡོམ་བྱས་པ་ནས་བཟུང་། མཚེའུ་ངོས་ཧ་ཅང་དྭངས་ཤིང་གཙང་བར་གྱུར། ཁྱི་གཉིས་ལམ་འགྲམ་དུ་རྩེད་མོ་རྩེ་བ་དང་།   གྲོང་མི་སྐལ་གཡང་ཡང་ཉེ་འགྲམ་དུ་ཞོགས་སྦྱོང་བྱེད་བཞིན་མཆིས།

   ལམ་ཆུང་ཐོག་རྒན་རྒོན་མང་པོ་ཞིག་འཆམ་འཆམ་བྱེད་བཞིན་པ་དང་།  རླུང་བུ་དལ་བུར་ལྡང་ཞིང་། ས་གཞིའི་དྲི་ཞིམ་གང་སར་འཐུལ་བ་དང་། དྲོད་རླུང་གིས་ཁུ་སིམ་མེར་གནས་པའི་དགུན་དུས་ཀྱི་ལྷིང་འཇགས་གཉིད་ལས་དཀྲོགས། 







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1