རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟླ་གསུམ་པའི་ཚེས་གསུམ་ཉིན་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-05


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟླ་གསུམ་པའི་ཚེས་གསུམ་ཉིན་བསྡུས།   ནུས་ཡོད་སྒོས་རིམས་ནད་སྔོན་འགོག་བྱེད་ཆེད།  ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་བསྡུས།
        ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཝེ་མེན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ངང་བསྡུ་རྒྱུ་ཡིན་པ་དང་།   ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མཇུག་བསྡུ་རྒྱུ་རེད།   གྲོས་ཚོགས་སྟེང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཆར་གཞི་གཏན་འཁེལ་དང་ལག་བསྟར་བྱེད་པར་དམ་དུ་དམིགས་ཏེ་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱེད་པ་དང་ཐུན་མོང་གི་འདུ་ཤེས་རྒྱ་ཆེར་གཅིག་སྡུད་བྱེད་རྒྱུ་རེད།
        ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་བཏོན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཇི་ལྟར་རིམས་ནད་སྔོན་འགོག་བྱས་ཏེ་བྱ་བ་སྤེལ་བར་ཤུགས་རྐྱེན་མི་ཐེབས་པར་བྱས་པའི་ཐད་ཀྱི་དྲི་བར་ལན་འདེབས་སྐབས།   ཀའོ་ཝེ་མེན་གྱིས་བསྟན་དོན།   འདས་པའི་ལོ་གཅིག་གི་ནང་རྒྱལ་ཡོངས་སྲིད་གྲོས་ཀྱིས་བརྙན་རིས་རྟོག་ཞིབ་དང་རྒྱང་བསྟེན་གྲོས་བསྡུར་མང་དུ་བྱས་ཏེ་བྱེད་ཐབས་སྣ་མང་སྤྱད་ཡོད་ཟེར།
        སྒྲོག་སྤེལ་ཚོགས་འདུའི་སྟེང་།  གསར་འགྱུར་མགྲིན་ཚབ་པས་ད་རུང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས།  མི་སྒེར་གྱི་ཆ་འཕྲིན་བདེ་འཇགས།  ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སོགས་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཏོན་པའི་དྲི་བར་ལན་བཏབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1