ཧུང་ཡོན་རྫོང་གིས་བཅའ་ཁྲིམས་དགོན་སྡེར་བསྐྱོད་པའི་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 03-05



  ཧུང་ཡོན་རྫོང་གིས་མུ་མཐུད་དུ་བཅའ་ཁྲིམས་དགོན་སྡེར་སྤེལ་བའི་བྱ་འགུལ་ལེགས་པོར་སྤེལ་བ་དང་གོམ་གང་མདུན་སྤོས་ངང་དགོན་པའི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱ་ཆེད། ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཧུར་ཐག་སྒོས་དགོན་པའི་ཁྲིམས་གདལ་རྣམ་པ་གསར་སྤེལ་བཏང་སྟེ། དགོན་པའི་བཅའ་ཁྲིམས་དཔེ་ཀློག་ཁང་ལ་བརྟེན་ནས་དགོན་པའི་དཔེ་ཁང་རྒྱ་བསྐྱེད་སྒོས་བཅའ་ཁྲིམས་ཞབས་ཞུའི་ནུས་པ་རྒྱ་ཆེར་སྤེལ་ཏེ་རྒྱ་ཆེའི་གྲྭ་བཙུན་ཡོངས་ལ་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་བསྐྲུན།
     དེས་ཁྲིམས་ལུགས་ཁྲིམས་སྲོལ་གསར་དུ་བཏོན་པ་དང་མཉམ་དུ། དགོན་པར་ཁ་གཏད་ནས་བཅའ་ཁྲིམས་དཔེ་ཆ་ཉུང་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཡོངས་ཀྱི་དགོན་པ་རྣམས་ལ་བཅའ་ཁྲིམས་དཔེ་ཆ་སྔར་ལས་འཐུས་ཚང་དུ་བཏང་བ་དང་རིམ་བཞིན་དགོན་པ་སོ་སོའི་བཅའ་ཁྲིམས་དཔེ་ཁང་གི་བཀོལ་སྤྱོད་རང་བཞིན་དངོས་ཡོད་དོན་ལྡན་ཅན་དུ་བསྒྱུར་བར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་གྲྭ་བཙུན་དག་ལ་བཅའ་ཁྲིམས་རིགས་སྣ་ཚོགས་ཁོང་དུ་ཆུད་ཐུབ་
པར་བྱ་ཆེད། རྫོང་ཁྲིམས་འཛིན་ཅུས་ཀྱིས་ཡང་བོད་རྒྱ་སྐད་གཉིས་ལམ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་། དེ་མིན་དགོན་པའི་ཁྲིམས་ལུགས་ཤེས་བྱའི་དྲི་བ་དྲིས་ལན་སོགས་དཔེ་ཆ་རིགས་གསུམ་བཅས་སྡོམ་པས་དེབ་གྲངས༡༥༠༠༠ལྷག་གི་བཅའ་ཁྲིམས་དཔེ་ཆ་ཁ་སྣོན་བྱས།
    དགོན་སྡེའི་བཅའ་ཁྲིམས་དཔེ་ཁང་གི་འཛུགས་བསྐྲུན་ནི་ཡུན་རིང་གི་ལས་དོན་ཞིག་ཡིན་པས། ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་དགོན་པའི་གྲྭ་བཙུན་གྱི་དགོས་མཁོ་དང་བསྟུན་ཏེ་མུ་མཐུན་དུ་བཅའ་ཁྲིམས་དཔེ་མཛོད་ཁང་འཐུས་ཇེ་ཚང་དང་ཆ་ཇེ་ལེགས་སུ་བཏང་ཡོད་པར་མ་ཟད། བཅའ་ཁྲིམས་དཔེ་ཁང་གི་བྱེད་ནུས་སྔར་ལས་རྒྱ་བསྐྱེད་ཇེ་ལེགས་སུ་བཏང་ལ། དེར་ཡོད་པ་བཞི་དང་འཇུག་པ་བདུན་གྱི་ལས་དོན་སྐུལ་འདེད་བཏང་བའི་ཁར་མིང་དོན་མཚུངས་བའི་ཁྲིམས་སྐྱོང་དྲིལ་སྒྲོག་ལས་དོན་ངེས་པ་ངོན་གྱིས་མཐོར་འདེགས་སུ་བཏང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1