མཛོད་དགེ་རྫོང་གིས་སྲོག་ཆགས་དང་རྩི་ཤིང་ཉིན་མོར་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 03-08



    2021ལོའི་ཟླ་3ཚེས་3ཉིན་གྱི་སྔ་དྲོར། མཛོད་དགེ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཐེ་བོ་དང་དཔལ་སྐྱིད་གྲོང་རྡལ་གཉིས་དང་མཉམ་འབྲེལ་བྱས་ཏེ་གྲོང་ཁུལ་དུ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་མ་གཏོང་བ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ། 

    ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོར། དྲིལ་སྒྲོག་ལག་དེབ་1000ལྷག་སྟེར་བ་དང་དྲིལ་སྒྲོག་འཕྲེད་ཡིག་30ལྷག་སྦྱར་བ་རེད།

    མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གཅེས་སྤྲས་བྱེད་པའི་བརྩོན་སེམས་བསྐུལ་ཅིང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་ཆེར་བཏང་བར་མ་ཟད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་འདུ་ཤེས་སེམས་སུ་བརྟན་པོ་ངེས་སུ་བཅུག་སྟེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་ལས་ཀར་སྔར་བས་རྒྱ་ཆེར་ཕྱིན་ནས་ཕན་འབྲས་བཟང་པོ་ཐོན་པ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1