རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་འགོ་འདི་འདྲ་བཏོན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-08



རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་བསྟན་བློ་བཟང་བྱམས་པས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས།

 

རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་འགོ་འདི་འདྲ་བཏོན་འདུག

    སྐབས་ལྔར་མུ་མཐུད་དུ་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་བཞེས་པའི་རྒྱལ་བསྟན་བློ་བཟང་བྱམས་པས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དང་། མེས་རྒྱལ་གཅིག་གྱུར། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་བཅས་ནི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། 

   ཁོང་གིས་དེ་སྔོན་ཕུལ་བའི་གྲོས་འགོའི་ནང་མི་རིགས་ས་ཁུལ་གྱི་སློབ་གསོ་དང་། རིག་གནས་རྒྱུན་འཛིན། བཟའ་བཅའི་བདེ་འཇགས། སྐྱེ་ཁམས་སྲུང་སྐྱོང་། རང་ཁུལ་གྱི“ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ”བར་གྱི་གློག་དྲའི་སྐུད་ལམ་འཛུགས་སྐྲུན་སོགས་ཀྱི་ཐད་ནས་གྲོས་འགོ་བཏོན་པར་འབྲེལ་ཡོད་སྡེ་ཚན་དང་ལས་རིགས་ཁག་གིས་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་བྱས་ནས་གཉེར་སྒྲུབ་བྱས་པ་རེད།

 

 

རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་འགོ་འདི་འདྲ་བཏོན་འདུག

    ན་ནིང་གི་ཚོགས་ཆེན་གཉིས་ཐོག་ཁོང་གིས་བོད་སྐད་ཡིག་གི་ནང་བསྟན་སློབ་གླིང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་དེར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཐག་གཅོད་བསམ་འཆར་འབྱོར་བ་རེད། ཧྥུ་དམའ་བའི་ཇ་འཚོང་རྒྱུ་ཁྱབ་གདལ་གཏོང་རྒྱུའི་འབོད་སྐུལ་བྱེད་པའི་གྲོས་འགོ་དེ་མི་རིགས་ས་ཁུལ་དུ་ལག་བསྟར་ཡག་པོ་བྱུང་ཡོད། 

རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་འགོ་འདི་འདྲ་བཏོན་འདུག

    “2021ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་ཕན་ལྡན་སྲིད་ཇུས་དང་བྱེད་ཐབས་མང་པོ་བཏོན་ཡོད། དེའི་ནང‘དམངས་ཕྱུག་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་པར་ཐོན་ལས་ཀྱི་རིན་ཐང་འཕར་བའི་ཕན་འབྲས་སྔར་བས་མང་བ་ལོངས་སྤྱོད་ཐུབ་པ་དང་། ཞིང་ལས་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ལས་ཐོན་རྫས་སྤུས་དག་འཚོང་ཐུབ་པ་དང་རིན་གོང་ཡག་པོ་རག་པ’ཡི་སྲིད་ཇུས་ཇུས་གཞི་དེ་མི་རིགས་ས་ཁུལ་གྱི་ངོས་ནས་བཤད་ན་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཡུན་རིང་གི་ཐབས་ཇུས་ཤིག་རེད། ང་ཚོ་མི་རིགས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཐད་ཞན་ཆ་དང་མི་འདང་ས་མང་པོ་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་འདེགས་སྐྱོར་འོག་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་བྱུང་ཞིང་། མདོར་ན། ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཤུགས་ཆེན་ལྡན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར། རྒྱ་ཆེ་བའི་ཁྲོམ་རའི་མདུན་ལམ་བཅས་ལྡན་ཡོད། དེར་བརྟེན་ངས་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་མ་དངུལ། ལག་རྩལ་བཅས་ཀྱི་ཐད་ནས་ནུབ་རྒྱུད་ས་ཁུལ་གྱི་ཞིང་ལས་ཐོན་ལས་ལ་གཅིག་སྡུད་ཐོག་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་གསུངས་པ་རེད།

 

   ཁོང་གིས་ད་དུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་དང་དཀའ་གནད་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་གང་མང་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1