གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༠༩ཉིན།

འོད་ནུས་དབུལ་སྐྱོར་ལ་བརྟེན་ནས་དབུལ་བྲལ་གྲུབ་འབྲས་སྲ་བརྟན་བཏང་།


འཛམ་ཐང་རྫོང་གིས་འོད་ནུས་དབུལ་སྐྱོར་གྱི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་དབུལ་བྲལ་གྲུབ་འབྲས་སྲ་བརྟན་དུ་བཏང་བ། 


    འཛམ་ཐང་རྫོང་གི་1MWཡི་ཁྱབ་ཚུལ་གྱི་འོད་ནུས་དབུལ་སྐྱོར་གློག་ཁང་ནི་རྒྱལ་ཁབ་ཀྱི་ལྔ་འཆར་བཅུ་གསུམ་པའི་རིང་གི་འོད་ནུས་དབུལ་སྐྱོར་རྣམ་གྲངས་ཁག་དང་པོ་དེ་ཡིན་ལ། འཛམ་ཐང་རྫོང་མི་དམངས་སྲིད་གཞུང་གིས་དབུལ་བྲལ་གནད་སྒྲོལ་གྱི་གཙོ་གནད་རྣམ་གྲངས་ནང་བཅུག་ནས་ཀ་ཐོག་ཡུལ་ཚོར་བསྐྲུན་ཡོད།  2020ལོའི་ལོ་མཇུག་བར་འོད་ནུས་དབུལ་སྐྱོར་གློག་ཁང་གིས་ཁྱོན་གློག་གཏོང་ཚད་ཏུའུ་ཁྲི་226.04ཟིན་ནས་ཁྲལ་འཇལ་རྗེས་ཀྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི་149.94མངོན་འགྱུར་བྱུང་ཡོད། 
    འོད་ནུས་དབུལ་སྐྱོར་གློག་ཁང་གིས་དབུལ་བྲལ་ལ་ཕན་འབྲས་ཐོན་པ་དང་དབུལ་བྲལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་ཆེད། འཛམ་ཐང་རྫོང་གིས་འོད་ནུས་དབུལ་སྐྱོར་གློག་ཁང་སྤྱད་དེ་ཁྱིམ་ཚང་དབུལ་བོར་སྤྱི་ཕན་རང་བཞིན་གྱི་ལས་གནས་196བཀོད་སྒྲིག་བྱས་ནས་ཐག་ཉེའི་མི་196ལ་སྐུལ་ཁྲིད་བྱས་པར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3200བྱུང་ཡོད་པ་རེད། དེ་དང་ཆབས་ཅིག་ཡོང་འབབ་མ་དངུལ་དེ་དག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་སྤྱི་ཕན་བྱ་གཞག་ཆུང་གྲས་སྤེལ་བ། ཆེད་དོན་ཁ་གསབ་འཛུགས་པ་སོགས་ཀྱི་ཐད་སྤྱོད་རྒྱུ་རེད། 
    འོད་ནུས་དབུལ་སྐྱོར་གློག་ཁང་བསྐྲུན་པ་དེས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ནང་ངོས་ཀྱི་སྒུལ་ཤུགས་སྤེལ་ནས་ལྗང་མདོག་གི་གློག་ནུས་སུ་བྱེད་པར་མ་ཟད། ད་དུང་ཆུ་གློག་བཟོ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གནོན་ཤུགས་ཆུང་དུ་ཕྱིན་ནས་ས་གནས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད་དོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1