རང་རྒྱལ་གྱིས་ལས་དོན་སྡེ་ཚན་ལས་ཁུངས་ཀྱི་རྒན་གསོའི་འགན་སྲུང་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-25


           སྤྱི་ཟླ་12པའི་ཚེས་23ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བཅུ་གཉིས་པའི་གྲོས་ཚོགས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་དང་ཡུལ་ཤོག་གི་སྤྱི་ཚོགས་འགན་ལེན་མ་ལག་དང་འབྲེལ་བའི་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་སྐུལ་སྤེལ་གཏོང་བའི་ལས་ཀའི་གནས་ཚུལ་སྙན་ཞུ་ལ་ཞིབ་བཤེར་གྲོས་མོལ་བྱས། སྙན་ཞུའི་ནང་བསྟན་དོན། རང་རྒྱལ་གྱིས་ལས་དོན་སྡེ་ཚན་ལས་ཁུངས་ཀྱི་རྒན་གསོའི་འགན་སྲུང་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་སྤེལ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བ་གཅིག་གྱུར་ཡིན་པའི་རྒན་གསོའི་འགན་སྲུང་ལམ་ལུགས་ཤིག་འཛུགས་རྒྱུ་རེད།

           སྙན་ཞུའི་ནང་བསྟན་དོན། ཀྲུང་དབྱང་གི་བཀོད་སྒྲིག་ལ་གཞིགས་ནས། འབྲེལ་ཡོད་སྡེ་ཁག་གིས་རྟོག་ཞིབ་ནན་མོ་དང་རིགས་སྒྲུབ་ལན་མང་བྱས་པ་བརྒྱུད། བཅོས་བསྒྱུར་གྱི་ལད་ཟློས་འཆར་གཞི་ཞིག་གཏན་འབེབས་བཟོས་ཡོད་པ་མ་ཟད། འཆར་གཞི་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ཨུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་གྲོས་ཚོགས་གཉིས་ཀྱིས་ཞིབ་བཤེར་གྲོས་མོལ་བྱས་ཤིང་ཆོག་མཆན་ཐོབ་ཡོད།

           བཅོས་བསྒྱུར་གྱི་གཞི་རྩའི་རིག་ལམ་ནི། གཅིག་གྱུར་གཅིག་དང་གོམ་སྟབས་ལྔ་ཡིན། གཅིག་གྱུར་གཅིག་ཅེས་པ་ནི། ཏང་སྲིད་ལས་ཁུངས་དང་། ལས་དོན་སྡེ་ཚན་ལ་ཁེ་ལས་དང་འདྲ་བའི་རྒན་གསོའི་འགན་སྲུང་ལམ་ལུགས་འཛུགས་རྒྱུ་ཡིན་པ་དང་། སྡེ་ཚན་དང་མི་སྒེར་གྱི་འགྲོ་སོང་གཏོང་བ་ལག་བསྟར་བྱེད་པ། དེ་མིན་ལས་འཁྱུར་ངལ་གསོའི་ཟླ་ཕོགས་སྟེར་བའི་བྱེད་ཐབས་བཅོས་བསྒྱུར་བྱས་ཏེ། ལམ་ལུགས་དང་ནང་རྐྱེན་གྱི་ཐོག་ནས་ལུགས་སྲོལ་གཉིས་ལྡན་གྱི་གནད་དོན་སེལ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1