གཙོ་ངོས།>> གླིང་སྒྲུང་།>>རྗེས་ཤུལ།

རྩོམ་པ་པོ། རབ་བརྟན་དགེ་ལེགས་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༠༩ཉིན།

༄༅།།འདན་མ་ཆུ་ལ་ཉིན་སྲིབ།

 འདན་མ་ཆུ་ལ་ཉིན་སྲིབ།འདན་སྡེ་ཁྲི་སྐོར་བཅུ་གཉིས།ཚ་ཞང་རི་བ་དགུ་བརྒྱ་ཞེས་གྲགས་པ་ལྟར་གྱི་ཕུ་ན་འབྲོག་པའི་མཚེར་ས་དང་མདའ་ན་ཡུལ་སྡེ་མངའ་འབངས་ཞིང་ཁང་སོགས་ཀྱི་བཀོད་པ་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་འདྲ་བ་དང་།གནས་མཆོག་སེངྒེ་གནམ་རྫོང་གི་དབུ་རྩེ་ན་འདན་ཟ་ཧོར་རྒྱལ་པོའི་ཕོ་བྲང་སྣང་བ་འོད་ལྡན་གྱི་མཁར་ཤུལ་མཐའ་རྟེན་ལྕགས་རི་དང་བཅས་པའི་ལོ་རྒྱུས་དང་།དེའི་ཤར་གྱི་རི་ངོས་ལ་འཛམ་གླིང་སེང་ཆེན་རྒྱལ་པོས་འདན་མའི་ནས་རྫོང་ཕབ་ས་དང་།འདན་མའི་རྫོང་བཙན་པོ་ཤར་ལུང་རི་དྲུག་གི་གཡོན་འཁྲིས་ན་འདན་མའི་ཚེ་སྒྲུབ་ཕུག་དང་།འདན་མའི་ཚེ་ཆུ།འདན་མས་མདའ་རྟགས་འཇོག་ས་སོགས་དང་།འདན་ཆོས་འཁོར་དགོན་དུ་འདན་སྲས་གཡུ་འོད་འབུམ་མེའི་ཕོ་བྲང་མཁར་སྔོན་པོ་དང་།འབྲུ་ཁོག་ཏུ་འབྲུ་སྟག་རྒོད་ཀྱི་མཁར་ཤུལ་དང་།འབྲུ་སྒ་སྡེེའི་སྐུ་མཁར་ཕོ་བྲང་ཆེན་པོ་བྱ་ནག་ལྡིང་རྫོང་སོགས་ལོ་རྒྱུས་རིང་ལ་ངོ་མཚར་ཆེ་བའི་གནས་རྟེན་མང་པོ་མཇལ་རྒྱུ་ཡོད།འདན་རྣམ་རྒྱལ་དགོན་གྱི་བླ་མ་ཤེས་རབ་དཔལ་ལྡན་གྱིས་བྱེ་རུ་བྱེ་རྫོང་དང་།སོག་བྱེ་མ་རྟ་ཁྲིད་ཟེར་བའི་སྒྲུང་པོད་གཉིས་ཕབ་པ་ད་ལྟ་ཡོད་འདུག་ཅིང་།སྒྲུང་དཔེའི་ལྡེབ་མཐའ་རྣམས་ལ་གླིང་གི་དཔའ་ཐུལ་སུམ་ཅུའི་སྐུ་བྲིས་མཛད་ཡོད།ཞིང་དུ་གཤེགས་ཁར་ཤི་ལ་བརྡུང་བྱེད་ཡིན་གསུངས་ནས་སྲུང་མའི་ཐང་ཀ་ཞིག་བྲི་མཛད་པའི་ནང་དུ་ཡང་གེ་སར་གྱི་སྐུ་ཞིག་བྲིས་མཛད་ཡོད།ཤུག་ར་དགོན་འདི་བློན་ཆེན་འདན་མའི་སྐུ་མཁར་གྱི་འཁྲིས་སུ་ཆགས་པ་དང་།གནས་འདི་འདན་མ་གཡུལ་རྒྱལ་ཐོག་རྒོད་ཀྱིས་བདག་གིར་མཛད་པའི་འཁྲུངས་ས་འཁྲུལ་མེད་ཡིན་སྟབས་དགོན་འདིས་གེ་སར་དང་འདན་མ་གཉིས་ཀྱི་བསང་བསྐང་རྒྱུན་ལྡན་དུ་གསུངས་པ་དང་།ལོ་ལྟར་གླིང་གི་དཔའ་ཐུལ་བརྒྱད་ཅུའི་གར་འཆམ་ཡང་བགྱིད་རྒྱུ་ཡོད།ད་ལྟ་ལོ་ཆུང་ནང་ན་འདན་མའི་དྲན་གསོ་ཁང་ཟེར་བ་ཞིག་གསར་དུ་བཞེངས་ཡོད་དོ།།

ཚ་ཞང་རི་བ་དགུ་བརྒྱ་ཞེས་གྲགས་པ་ལྟར་གྱི་ཕུ་ན་འབྲོག་པའི་མཚེར་ས་དང་མདའ་ན་ཡུལ་སྡེ་མངའ་འབངས་ཞིང་ཁང་སོགས་ཀྱི་བཀོད་པ་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་འདྲ་བ་དང་།གནས་མཆོག་སེངྒེ་གནམ་རྫོང་གི་དབུ་རྩེ་ན་འདན་ཟ་ཧོར་རྒྱལ་པོའི་ཕོ་བྲང་སྣང་བ་འོད་ལྡན་གྱི་མཁར་ཤུལ་མཐའ་རྟེན་ལྕགས་རི་དང་བཅས་པའི་ལོ་རྒྱུས་དང་།དེའི་ཤར་གྱི་རི་ངོས་ལ་འཛམ་གླིང་སེང་ཆེན་རྒྱལ་པོས་འདན་མའི་ནས་རྫོང་ཕབ་ས་དང་།འདན་མའི་རྫོང་བཙན་པོ་ཤར་ལུང་རི་དྲུག་གི་གཡོན་འཁྲིས་ན་འདན་མའི་ཚེ་སྒྲུབ་ཕུག་དང་།འདན་མའི་ཚེ་ཆུ།འདན་མས་མདའ་རྟགས་འཇོག་ས་སོགས་དང་།འདན་ཆོས་འཁོར་དགོན་དུ་འདན་སྲས་གཡུ་འོད་འབུམ་མེའི་ཕོ་བྲང་མཁར་སྔོན་པོ་དང་།འབྲུ་ཁོག་ཏུ་འབྲུ་སྟག་རྒོད་ཀྱི་མཁར་ཤུལ་དང་།འབྲུ་སྒ་སྡེེའི་སྐུ་མཁར་ཕོ་བྲང་ཆེན་པོ་བྱ་ནག་ལྡིང་རྫོང་སོགས་ལོ་རྒྱུས་རིང་ལ་ངོ་མཚར་ཆེ་བའི་གནས་རྟེན་མང་པོ་མཇལ་རྒྱུ་ཡོད།འདན་རྣམ་རྒྱལ་དགོན་གྱི་བླ་མ་ཤེས་རབ་དཔལ་ལྡན་གྱིས་བྱེ་རུ་བྱེ་རྫོང་དང་།སོག་བྱེ་མ་རྟ་ཁྲིད་ཟེར་བའི་སྒྲུང་པོད་གཉིས་ཕབ་པ་ད་ལྟ་ཡོད་འདུག་ཅིང་།སྒྲུང་དཔེའི་ལྡེབ་མཐའ་རྣམས་ལ་གླིང་གི་དཔའ་ཐུལ་སུམ་ཅུའི་སྐུ་བྲིས་མཛད་ཡོད།ཞིང་དུ་གཤེགས་ཁར་ཤི་ལ་བརྡུང་བྱེད་ཡིན་གསུངས་ནས་སྲུང་མའི་ཐང་ཀ་ཞིག་བྲི་མཛད་པའི་ནང་དུ་ཡང་གེ་སར་གྱི་སྐུ་ཞིག་བྲིས་མཛད་ཡོད།ཤུག་ར་དགོན་འདི་བློན་ཆེན་འདན་མའི་སྐུ་མཁར་གྱི་འཁྲིས་སུ་ཆགས་པ་དང་།གནས་འདི་འདན་མ་གཡུལ་རྒྱལ་ཐོག་རྒོད་ཀྱིས་བདག་གིར་མཛད་པའི་འཁྲུངས་ས་འཁྲུལ་མེད་ཡིན་སྟབས་དགོན་འདིས་གེ་སར་དང་འདན་མ་གཉིས་ཀྱི་བསང་བསྐང་རྒྱུན་ལྡན་དུ་གསུངས་པ་དང་།ལོ་ལྟར་གླིང་གི་དཔའ་ཐུལ་བརྒྱད་ཅུའི་གར་འཆམ་ཡང་བགྱིད་རྒྱུ་ཡོད།ད་ལྟ་ལོ་ཆུང་ནང་ན་འདན་མའི་དྲན་གསོ་ཁང་ཟེར་བ་ཞིག་གསར་དུ་བཞེངས་ཡོད་དོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1