གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༡༠ཉིན།

ཏི་ཨར་ཅ་ཏོ་ཡིས་ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་སི་ཐ་རི་ཁའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཏི་ཨར་ཅ་ཏོ་ཡིས་ཀྲུང་གོས་དབུལ་ཕོངས་མེད་པར་བྱེད་པའི་ཐད་ཀྱི་འབད་འཐབ་ལ་ཚད་མཐོའི་གདེང་འཇོག་བྱེད་བཞིན་ཡོད་པར་མ་ཟད།  རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། ཉོ་ཚོང་།  རིག་གནས་བཅས་ཁྱབ་ཁོངས་ཀྱི་འབྲེལ་བར་སྔར་ལས་ཤུགས་སྣོན་པར་རེ་སྒུག་བྱས་ཡོད་ཟེར།
        ཏི་ཨར་ཅ་ཏོ་ཡིས་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྔོན་ལ་ཞིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱས།   ཁོས་ཀྲུང་གོས་དབུལ་ཐར་མཁྲེགས་གཏོར་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་།   དེ་ནི་ཀྲུང་གོའི་དཔལ་འབྱོར་གྱི་དུས་ཡུན་རིང་བོའི་རྒྱུན་མཐུད་འཕེལ་རྒྱས་ཁྲོད་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པར་འདོད།
        ཏི་ཨར་ཅ་ཏོ་ཡིས་བཤད་རྒྱུར།   ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་ཀྲུང་ཁྲན་ཏང་གིས་འགོ་ཁྲིད་པའི་དབུལ་ཐར་མཁྲེགས་གཏོར་གྱིས་ཆབ་སྲིད་ཀྱི་འདོད་བློ་དང་ལས་ཞུགས་གོ་སྐབས་ཡོད་པ་དང་།  མི་དམངས་མང་ཚོགས་ཀྱིས་མཐུན་སྒྲིལ་རོགས་རེས་བྱས་ཚེ་དབུལ་ཕོངས་མེད་པར་བྱེད་པ་མགྱོགས་མྱུར་མངོན་འགྱུར་བྱེད་ཐུབ་པ་བདེན་དཔང་བྱས་ཡོད་ཟེར།
        ཏི་ཨར་ཅ་ཏོ་ཡིས་ཀྲུང་གོ་ནས་གཞུང་ཚབ་ཆེན་མོའི་འགན་ཁུར་ཏེ་ལོ་གཅིག་དང་ཕྱེད་ཀ་འགོར་ཡོད་པ་དང་།  ཁོས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་མདུན་ལྗོངས་རྒྱ་ཆེ་བར་འདོད།
        ཁོས་བཤད་རྒྱུར།  ཀྲུང་གོའི་རིམས་འགོག་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད།   ཉིས་སྟོང་ཉེར་གཅིག་ལོར་ཁོ་སི་ཐ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར།  ཉོ་ཚོང་།  རིག་གནས་བརྗེ་རེས་བཅས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རེ་བ་བྱེད་ཀྱིན་ཡོད་ཟེར།
        ཉིས་སྟོང་ཉི་ཤུ་ལོར།   འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།  ཉིས་སྟོང་ཉེར་གཅིག་ལོའི་ལོ་སྟོད་དུ་འཛམ་གླིང་དཔལ་འབྱོར་སྔར་བཞིན་འཕེལ་མེད་སོར་གནས་ཀྱི་རྒྱབ་ལྗོངས་འོག    ཏི་ཨར་ཅ་ཏོ་ཡིས་བཤད་རྒྱུར།    འགྲན་སློང་དེར་ཁ་གཏད་འཇལ་དགོས་ན།   གོ་སྐབས་ནི་དངུལ་གཏོང་ལས་གལ་ཆེ་བ་དང་།    སོ་སྲུང་རོགས་རེས་བྱས་ཚེ་ད་གཟོད་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་ཟེར།
        ཁོས་བཤད་རྒྱུར།  རིམས་ནད་ཀྱིས་གོ་ལ་ཧྲིལ་བོའི་དཔལ་འབྱོར་ཉམས་རྒུད་དུ་བཏང་ཡོད་པ་དང་།   རྒྱལ་སྤྱིའི་ཡིད་རྟོན་དངུལ་བུན་དང་དངུལ་རྩ་སྡེ་ཁག་གིས་དཔལ་འབྱོར་ཕུང་བོ་ཆུང་ངུས་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་པའི་ཐད་བྱེད་ནུས་གལ་ཆེན་ཐོན་ཡོད་ཟེར། །

39.7K

རྩོམ་ཡིག་རྗེས་མ།
དཔྱིད་དཔལ་རབ་ཏུ་བཞད།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1