གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༡༡ཉིན།

རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞའོ་ཡིའུ་ཚའེ་ཡིས་གྲོས་མགོ་འདི་དག་བཏོན།

རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞའོ་ཡིའུ་ཚའེ་ཡིས་གྲོས་མགོ་འདི་དག་བཏོན།

   རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུར་ཞུགས་པའི་རིང་དུ་འཕྲིན་སྦྱོར་སྡེ་ཁག་མང་པོའི་བཅར་འདྲི་དང་ལེན་བྱས་ཡོད་པ་དང་། ཁོས་ཐད་གཏོང་བྱེད་སྐབས་དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པ་དང། དཀར་མཛེས་ཁུལ་ནི་སྣོད་བཅུད་མ་ལག་དང་སྣོད་བཅུད་ཁོར་ཡུག་ནི་ཧ་ཅང་མཛེས་སྡུག་ལྡན་པ་དང་ཧ་ཅང་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན། དཀར་མཛེས་ཁུལ་ནི་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དང་ལྷག་པར་དུ་འཛམ་གླིང་ཐོག་འཁོར་གཏོང་ལྗོངས་རྒྱུའི་ཡུལ་ཞིག་ཡིན། མིག་སྔའི་གནས་ཚུལ་ལ་བལྟས་ན། དཀར་མཛེས་ཁུལ་དེ་ཉིད་རྒྱལ་ཡོངས་ཀྱི་ཡུལ་སྐོར་དུ་སྐྱོད་གྲངས་མང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ཁུལ་རེ་རེ་ནི་མཛེས་སྡུག་ལྡན་པའི་མུ་ཏིག་ཅིག་དང་འདྲ་བར་དཀར་མཛེས་ཁུལ་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི་བཅོ་ལྔ་དང་སུམ་སྟོང་བདུན་བརྒྱ་ཡི་ས་གཞི་ཆེན་པོའི་ཐོག་ཏུ་ཁྱབ་ཡོད། ང་ཚོས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་མི་སེར་ཇི་ལྟར་ཕྱུག་འགྱུར་ཡོང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། བོད་འབྲེལ་ས་ཁུལ་གྱི་ངོས་ནས་བརྗོད་ན་ཡུལ་སྐོར་དེ“དུ་མེད”ཐོན་ལས་ཤིག་ཡིན་ལ་གསར་དར་ཐོན་ལས་དང་དམངས་ཕྱུག་ཐོན་ལས་ཤིག་ཀྱང་ཡིན་པས་ང་ཚོས་ད་ལྟ་སྣོད་བཅུད་གཉིས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བར་སྐུལ་འདེད་བཏང་ནས་དཀར་མཛེས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་འཛམ་གླིང་ས་གནས་ཁག་གི་གྲོགས་པོ་དག་དཀར་མཛེས་ལ་ཡུལ་སྐོར་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞའོ་ཡིའུ་ཚའེ་ཡིས་གྲོས་མགོ་འདི་དག་བཏོན།

     ཐད་གཏོང་ནང་ཞའོ་ཡིའུ་ཚའེ་ཡིས་ད་དུང་དཀར་མཛེས་ཀྱི་ལངས་གཟུགས་འགྲིམ་འགྲུལ་འཕེལ་རྒྱས་དང་། དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་ཅི་འདྲ་བྱ་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མིག་སྔར་དཀར་མཛེས་མི་སེར་གྱིས་ཏང་གི་བཀའ་དྲིན་ཚོར་སེམས་སོགས་ཐད་ཀྱི་ནང་དོན་དྲ་གྲོགས་ཚོར་ངོ་སྤྲོད་བྱས་པ་རེད། རྒྱ་ཆེའི་དྲ་གྲོགས་ཚོའི་གདེང་འཇོག་བཟང་པོ་དང་བསྔགས་བརྗོད་ཐོབ་པ་རེད། རྒྱལ་ཁབ་ཀྱི་ངོས་ནས་སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་ལྔའི(རང་སྐྱོང་ལྗོངས།)འབྲེལ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་ཕན་ཚུན་སྦྲེལ་མཐུད་ཀྱི་ཆེད་དོན་འཆར་འགོད་བཟོ་བཀོད་དང་གཅིག་གྱུར་གྱི་འཆར་འགོད་ལག་བསྟར་བྱ་རྒྱུར་གྲོས་མགོ་བཏོན་པ་རེད།

   དེར་བརྟེན་ཞའོ་ཡིའུ་ཚའེ་ཡིས་རྒྱལ་ཁབ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་དང་འགྲིམ་འགྲུལ་པུའུ་ཡི《སི་ཁྲོན་དང་ཡུན་ནན།བོད་ལྗོངས། མཚོ་སྔོན། ཀན་སུའུ་སོགས་ཞིང་ཆེན་ལྔའི(རང་སྐྱོང་ལྗོངས)འབྲེལ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་སྦྲེལ་མཐུད་ཀྱི་ཆེད་དོན་འཆར་འགོད(2020ལོ་ནས2035ལོ་བར)》རྨང་གཞི་བྱས་ཏེ། རྒྱལ་ཁབ་ཀྱི་ངོས་ནས་སི་ཁྲོན་དང་ཡུན་ནན།བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་ལྔའི(རང་སྐྱོང་ལྗོངས)འབྲེལ་མཚམས་ས་ཁུལ་གྱི་འགྲིལ་འགྲུལ་ཆེད་དོན་འཆར་འགོད་བཟོ་བཀོད་དང་གཅིག་གྱུར་གྱི་འཆར་འགོད་ལག་བསྟར་བྱ་རྒྱུར་གྲོས་མགོ་བཏོན་པ་རེད།

རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞའོ་ཡིའུ་ཚའེ་ཡིས་གྲོས་མགོ་འདི་དག་བཏོན།
རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞའོ་ཡིའུ་ཚའེ་ཡིས་གྲོས་མགོ་འདི་དག་བཏོན།

 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1