དར་མདོ་གྲོང་ཁྱེར་གྱིས་ཞིང་པ་གླ་པ་ལས་གནས་སུ་ལོག་པར་སྲུང་སྐྱེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-16



ཉེ་ཆར།དར་མདོ་གྲོང་ཁྱེར་གྱིས2021ལོའི་ཞིང་པ་ལས་མི་ལས་གནས་སུ་ཕྱིར་ལོག་བྱེད་པར་སྲུང་སྐྱེལ་བྱེད་པའི་ཐོག་མའི་ཆེད་དོན་ཞབས་ཞུ་བསྒྲུབས་ཡོད་ཅིང་། ཁྲེང་ཏུའུ་གྲོང་ཁྱེར་དུ་ལས་ཀར་སྐྱོད་མཁན་མི8ལ་སྐྱེལ་འདྲེན་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁོ་ཚོར་ལོ་གསར་པའི་ནང་ལས་གཉེར་ལས་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་པར་རོགས་རམ་བྱས་ཡོད།

སྐྱ་གད་གྲོང་རྡལ་གྱི་གྲོང་མི་ཀྲང་ཧྭ་ཀྲིས་སྔ་མོ་ནས་རྡོག་ཁྲེས་འཁྱེར་ཏེ་ལས་གནས་སླར་གསོའི་ཆེད་གཏོང་རླངས་འཁོར་ལ་བསྡད་དེ་གསར་འགོད་པར།ད་ལོར་ངས་ཁྲེང་ཏུའུ་གྲོང་ཁྱེར་གྱི་ས་ཆ་ག་གེ་མོ་ནས་བློ་ཡིད་ཚིམ་པའི་ལས་གནས་ཤིག་རྙེད་བྱུང་། ཟླ་རེའི་གླ་ཆ་སྒོར5000ཙམ་ལ་ཟིན་གྱི་ཡོད། སྲིད་གཞུང་གིས་ང་ཚོར་ཆེད་གཏོང་རླངས་འཁོར་མཁོ་འདོན་བྱས་པ་དང་གཅེས་སེམས་མཚོན་པའི་ལེགས་སྐྱེས་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་སེམས་སུ་དྲོ་སྐྱིད་ཚོར་བྱུང་། ང་ཚོས་ཕྱི་ཕྱོགས་སུ་ལས་ཞུགས་བྱེད་པར་བསྐྱོད་ནས་ནང་མི་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱ་ངེས་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། དར་མདོ་གྲོང་ཁྱེར་གྱིས་ལས་ཞུགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ནས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཚན་གྱིས་གྲུབ་པའི་ཆེད་དོན་ཞབས་ཞུའི་འཛིན་གྲྭ་བཙུགས་ཤིང་། རིམས་ནད་འགོག་ཟོན་ལས་དོན་དང་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་ཡོ་བྱད་གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་ནས་མི་སྤྱོད་སྡེ་ཚན་ལ་བློ་བདེ་ཡོང་བ་དང་ཞིང་པ་གླ་པར་སེམས་སྐྱིད་ཡོང་བར་འགན་ལེན་བྱས་ནས་ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་རེད།

ཕྱིན་ཆེད་གྲོང་ཁྱེར་དེས་རིམས་ནད་འགོག་ཟོན་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ནས་ལས་ཞུགས་བརྟན་པོ་དང་ལས་གནས་ཕྱིར་ལོག་ལ་སྐུལ་འདེད།ལས་ཀ་སླར་གསོར་འགན་ལེན།ཞབས་ཞུ་སྟོབས་ལྡན་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1