ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-16



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར། ས་གནས་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་དྲང་སྲུང་གསར་གཏོད་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤུས་ཚད་མཐོ་པོའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་ཁྲོད་ཟབ་བསྐྱོད་དང་། གཞི་རིམ་དུ་བསྐྱོད་པ། མི་སེམས་སུ་གཏིང་ཟབ་ཟུག་པ་བཅས་བྱས་ཡོད།
        ཀུའེ་ཀྲོའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་འགོ་ཚུགས་པའི་སློབ་ཚན་ཨང་དང་པོར་བརྩིས་ནས། གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱས་ཏེ་གསར་བརྗེའི་གཞི་རྒྱུ་དང་གསར་བརྗེའི་སྟོབས་ཤུགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས་ཡོད། ཀུའེ་ཀྲོའུ་ཁྲི་ཧྲུའེ་རུ། གསར་བརྗེའི་གཏམ་རྒྱུད་ཀྱི་འགྲེལ་བརྗོད་པ་ཤའོ་དབྱི་ཝུའུ་སློབ་གྲྭར་བསྐྱོད་དེ་སློབ་འགོ་ཚུགས་མ་ཐག་པའི་སློབ་མ་ཚོར་ཁྲི་ཧྲུའེ་གཙང་པོ་ཐེངས་བཞི་བརྒལ་བའི་གཏམ་རྒྱུད་གླེང་ཡོད།
        དམར་དམག་རྒྱང་སྐྱོད་བྱེད་རིང་། ཤའོ་དབྱི་ཝུའུ་ཡི་ཨ་ཞང་དང་ཨ་ཞང་བཟའ་ཟླས་སྲོག་ཉེན་ལ་མ་འཛེམས་པར་རྨས་སྐྱོན་ཕོག་པའི་དམར་དམག་གི་འཐབ་འཛིང་པ་གཉིས་སྐྱབས་ཤིང་། ངག་སློབ་དཔེ་སྟོན་འོག་ཤའོ་དབྱི་ཝུའུ་ཡིས་ཆུང་དུས་ནས་གསར་བརྗེའི་གཏམ་རྒྱུད་ལ་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད། ད་ཆ་ཁོང་གིས་གུས་བཀུར་ཞུ་ལུགས་དེ་ཕྲུ་གུ་ཚོར་རྒྱུད་སྤྲོད་བྱས་ཡོད།
        གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་སློབ་གསོའི་རྣམ་པ་གསར་གཏོད་བྱ་དགོས། ཧྥུའུ་ཅན་ཕུའུ་ཐན་གྱིས་ས་གནས་དེ་གའི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་10རུ་དྲ་ཐོག་ཐད་གཏོང་བྱེད་སྒོ་སྤེལ་ནས་མི་དེ་བས་མང་བས་ལོ་རྒྱུས་སློབ་སྦྱོང་དང་ཀྲུང་གོ་གུང་ཁྲན་ཏང་གི་དཀའ་སྤྱད་ཚད་མེད་ཀྱི་འཕེལ་རྒྱས་ལོ་རྒྱུས་མྱོང་ཚོར་ཐུབ་པ་བྱས་ཡོད། ཉིན་དེ་དག་རིང་། ཅང་སུའུ་ནན་ཅིང་དུ་གསར་རྩོམ་མཉམ་སྒྲོག་གླུ་དབྱངས་ཆེ་གྲས་ཆར་རྗེས་ཀྱི་མེ་ཏོག་སྟེགས་བུ། དད་མོས་ཀྱི་སྟོབས་ཤུགས་ཞེས་པས་འཁྲབ་སྟོན་ཐོག་མ་དེ་བྱས་ཡོད།
        ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཉམས་མྱོང་ཕྱོགས་བསྡོམས་དང་། དོན་དངོས་ལ་ལྟ་སྡུར་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀའི་སྒུལ་ཤུགས་སུ་འགྱུར་བ་བྱ་དགོས། སི་ཁྲོན་གཡོད་ཁྲི་རྫོང་གིས་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་སྤེལ་ནས། ཏང་ཡོན་ཞབས་ཞུའི་གདོང་ལེན་རུ་ཁག་གྲོང་གསེབ་ཀྱི་འཐབ་ཕྱོགས་དང་པོར་ཟབ་བསྐྱོད་བྱ་རྒྱུ་སྒྲིག་འཛུགས་ཀྱིས་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད།
        ཅང་ཞི་ནན་ཁྲང་ཁྲལ་དོན་སྡེ་ཁག་གིས་སུའུ་ཁུལ་གྱི་སྙིང་སྟོབས་ལས་གནས་ཐོག་ཁྱབ་པ་བྱས་ནས་ཚང་མས་སྲོལ་རྒྱུན་བཟང་པོ་དར་སྤེལ་སྔར་ལས་ལྷག་པ་གཏོང་རྒྱུའི་སྐུལ་མ་བཏང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1