ལི་སྡོང་མེ་ཏོག་རབ་ཏུ་བཞད།། མ་བོས་མགྲོན་པོ་ངང་གིས་འདུས།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 03-18



    ཟླ་3པའི་ཟླ་དཀྱིལ་དུ། རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་སུ་ལི་སྡོང་གི་མེ་ཏོག་རྣམ་པར་བཞད་ཅིང་། ཡུལ་ཁམས་ཡོངས་སུ་མེ་ཏོག་གི་བཀྲགས་མདངས་ཀྱིས་རྒྱན་ཡོད་པས། ལྷའི་བཟོ་བོའི་པིར་རྩེ་ལས་ཐོན་པ་ཡིན་ནམ་སྙམ་པའི་ཚོར་བ་སྟེར་སྲིད། དེ་བས། གནས་འདིར་ཕེབས་པའི་མགྲོན་པོ་རྣམས་ཀྱིས་རང་རང་གི་སྐྱིད་པའི་སྣང་བ་གླུ་རུ་ལེན་པ་དང་ཁོ་ཚོ་ཡང་ཡུལ་འདིའི་མཛེས་ལྗོངས་ཀྱི་ཆ་ཤས་སུ་གྱུར་ཡོད།
    ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་ལི་མཚམས་སྦྱོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། དཔྱིད་ཀར་མེ་ཏོག་ལ་བལྟ་བ་དང་དབྱར་ཁར་འབྲས་བུ་འཐུ་བའི་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲོང་གསེབ་སྐྱེ་ཁམས་ལྗོངས་སྐོར་ལས་རིགས་བཏོད་དེ་ས་གནས་དེ་གའི་གྲོང་མིར་རྒྱུན་མཐུད་འབབ་འཕར་ཡོང་བ་བྱས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1