འབྲི་ཆུའི་ཆུ་འགོར་གནས་པའི་རྒན་གསོ་ཁང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-19



    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་བདེ་སྐྱིད་རྒན་གསོ་ཁང་གནས་སར་རྒྱ་མཚོའི་ངོས་ལས་སྨི་4000ལྷག་ཡོད་ཅིང་། འདི་ནི་མཚོ་སྔོན་ཞིང་ཆེན་ཁོངས་སུ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་རྒན་གསོ་ཁང་ཞིག་རེད།

   འབྲི་སྟོད་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཕུར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་དོན། ཡུལ་ཤུལ་དུ་ས་ཡོམ་བྱུང་རྗེས་བསྐྱར་སྐྲུན་བྱེད་རིང་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་བཏང་སྟེ་འབྲི་སྟོད་རྫོང་དུ་རྒན་གསོ་ཁང་4དང་ཕྱོགས་བསྡུས་ཕན་བདེ་ཁང་1བསྐྲུན་པ་དང་། ཉལ་ཁྲི་530ལྷག་ཁ་སྣོན་གྱིས་བཟོས་ཡོད། ཉེ་བའི་ལོ་འགའི་ནང་། འབྲི་སྟོད་རྫོང་གིས་“ནོར་སྲིད་ཆུང་ཆུང་”གིས་“དམངས་འཚོ་ཆེན་པོ”སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྫོང་མཁར་སྒྲིག་གཞིས་རྒན་གསོའི་ཞབས་ཞུའི་རྨང་གཞི་བྱེད་པ་དང་། ཞབས་ཞུ་རྣམ་པ་གཞན་དག་ཁ་གསབ་བྱེད་པའི་རྒན་གསོའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཐོག་ནོར་སྲིད་ཀྱི་གཏོང་གྲངས་ཇེ་མང་དུ་བཏང་ཡོད། མིག་སྔར་འབྲི་སྟོད་རྫོང་གི་དཀའ་ངལ་ཆེ་བའི་རྒན་རྒོན་གཅིག་སྡུད་ཐོག་འཚོ་སྐྱོང་བྱེད་ཐབས་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་ཡོད།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1