སི་ཁྲོན་བོད་ཁུལ་གྱི་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་ཁྲི་4.5ཟིན་པ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-29


   སྤྱི་ཟླ་12པའི་ཚེས་25ཉིན་ནི། ཁྲོན་བོད་གཞུང་ལམ་ཤར་གཏོང་བྱས་ནས་ལོ་འཁོར་60འཁོར་བའི་ཉིན་མོ་ཡིན་ཞིང་།  དམག་དམངས་ཁྲི་10ལྷག་གིས་དཀའ་སྡུག་ཧ་ཅང་ཆེ་བའི་ཆ་རྐྱེན་འོག  མཁའ་ལམ་འདི་ཉིད་བསྐྲུན་པ་དེས་བོད་ཁུལ་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཡོད། ལོ་འཁོར་60ཡི་རིང་དུ། ཁྲོན་བོད་གཞུང་ལམ་ནས་འགོ་ཚུགས་ཏེ་སི་ཁྲོན་བོད་ཁུལ་གྱི་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་ཁྲི་4.5ལ་ཟིན་པ་དང་། གནམ་གྲུ་ཐང་བཞི་བསྐྲུན་ཡོད་ལ་ཁྲོན་བོད་ལྕགས་ལམ་ལ་ཕུའུ་ཅང་ནས་གཡག་རྔའི་བར་གྱི་ལྕགས་ལམ་ཕྱོགས་ཡོངས་ནས་ལས་འགོ་ཚུགས་ཡོད།

     ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སི་ཁྲོན་གྱིས་ཤུགས་ཆེན་པོས་བོད་ཁུལ་གྱི་འགྲིམ་འགྲུལ་དབུལ་སྐྱོར་འགག་སྒྲོལ་བྱས་ཡོད་ལ།    ལོ་ལྔའི་འཆར་གཞི་བཅུ་གཉིས་པ་བྱས་ཚུན། ཀྲུང་དབྱང་གི་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག རྒྱལ་ལམ་317ལམ་ཐིག་གི་འབར་ཁམས་བརྒྱུད་རྐང་ཐོག་སོགས་སི་ཁྲོན་ཞིང་ཆེན་བོད་ཁུལ་འཕེལ་རྒྱས་ཀྱི་ཁོར་ཡུག་དང་། རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པའི་ལས་གཞི་སྐོར་གཅིག་མགྱོགས་མྱུར་ངང་མངོན་འགྱུར་བྱུང་བ་གཙོ་བོར་བཟུང་ཡོད་ཅིང་། བསྡོམས་རྩིས་བྱས་པ་ལྟར་ན་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར་300ལ་ཉེ་བ་ཞིག་བཏང་ནས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་སྤྱི་ལེ་1773དང་། ཞིང་གྲོང་གི་གཞུང་ལམ་སྤྱི་ལེ་ཁྲི་1.1འཛུགས་སྐྲུན་བྱས་ཡོད། མིག་སྔར། སི་ཁྲོན་བོད་ཁུལ་དུ་འཛུགས་སྐྲུན་བྱས་དང་བྱེད་བཞིན་པའི་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་3ཡོད་དེ། དེ་ལ་བསྡོམས་པས་སྤྱི་ལེ་362ཡོད། དེ་དག་ནི་ད་ལྟ་བཟོས་ཚར་བའི་རྔ་བ་དབྱིན་ཤུའུ་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་དང་བཟོ་བཞིན་པའི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཝུན་ཁྲོན་དང་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་ཡིན། སི་ཁྲོན་བོད་ཁུལ་གྱི་ཤར་གཏོང་བྱས་ཟིན་པའི་གཞུང་ལམ་སྤྱི་ལེ་ཁྲི་4.5ཡོད་ལ།  དེའི་ནང་ཡུལ་ཤོག་དང་གྲོང་རྡལ་གྱི་སྣུམ་ལམ་74.2% དང་། དེ་མིན་སྲིད་འཛིན་གྲོང་སྡེ་ཡི་གཞུང་ལམ་86.8%ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1