“གངས་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད”དུ་མེ་ཏོག་སྣ་བརྒྱ་བཞད་དེ་ཕྱོགས་བཞིའི་མགྲོན་པོ་བསུ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-24



         ཟླ3པའི་ཚེས18ཉིན། “2021ལོའི་ཁམ་བུའི་མེ་ཏོག་སྔར་བཞིན་བཞད་པ་སྟེ་ཀྲུང་གོའི་ཆེས‘བཟི’བའི་དཔྱིད་དུས་སུ་འཛོམས་པ”ཞེས་པའི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་དགུ་པའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འོས་སྦྱོར་ཚོགས་འདུ་ལྷ་སར་བསྡུས། “གངས་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད”དུ་མེ་ཏོག་སྣ་ཚོགས་ཡོངས་སུ་བཞད་ཅིང་། དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས་ཏེ་ཕྱོགས་བཞིའི་སྐུ་མགྲོན་བསུ་མ་བྱེད་ཀྱི་འདུག

ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་དགུ་པའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འོས་སྦྱོར་ཚོགས་འདུ།

ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་མཛེས་ལྗོངས་ཁུལ་དུ་བཞད་པའི་ཁམ་བུའི་མེ་ཏོག

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་བཞད་པའི་ཁམ་བུའི་མེ་ཏོག
         ཤེས་རྟོགས་བྱུང་བར་ལྟར་ན།། ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་དགུ་པའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་ནི་ཟླ3པའི་ཚེས27ཉིན་ཉིང་ཁྲི་གྲོང་ཁྱེར་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོ་ནས་འགོ་ཚུགས་རྒྱུ་རེད། སྐབས་དེ་དུས་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་སྣང་བརྙན་གྲགས་ཅན་པ་དང་སྐབས་དྲུག་པའི“ཁམ་བུའི་མེ་ཏོག་གི་ལྷ་མོ”བདམས་ཐོན་བྱེད་སྒོ་དང་། “ཁམ་བུའི་འབྱུང་ཁུངས་འཚོལ་བའི”དམངས་སྲོལ་ལུས་རྩལ་གྱི་མུ་འབྲེལ་བྱེད་སྒོ། ཀོང་པོའི་གངས་ལྗོངས་ཁྱད་མཚར་ཁམ་བུའི་མེ་ཏོག་གི་གླུ་དབྱངས་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ།  གངས་ལྗོངས་ཀྱི་ཁམ་བུའི་མེ་ཏོག་གི་གླུ་དབྱངས་དུས་ཆེན། “ཁམ་བུའི་མེ་ཏོག་གི་ཟས་མཆོག་དུས་ཆེན་དང་ཉིང་ཁྲི་ནས་ཐོན་པའི་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང”བྱེད་སྒོ། “མཐོན་མཐིང་སྐར་ཚོམ”ཞེས་པའི་སྐོར་གཟིགས་བྱེད་སྒོ། ཉིང་ཁྲིའི་ཤོག་སྦག་མེ་ཏོག་ལ་གཟིགས་པ་སོགས་ཚོགས་ར་གཙོ་ཕལ་གྱི་བྱེད་སྒོ10ལྷག་ཡོད་པ་རེད། 
         འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་བྲག་ཡིབ་རྫོང་རིག་གནས་ཡུལ་སྐོར་ཅུས། སྨན་གླིང་རྫོང་རིག་གནས་ཡུལ་སྐོར་ཅུས།   སྤོ་བོ་རྫོང་རིག་གནས་ཡུལ་སྐོར་ཅུས། ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་དང་དེ་བཞིན་བོད་ལྗོང་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་བཅས་རེ་རེ་བཞིན་ཚོགས་སྟེགས་སུ་བུད་དེ་ཁམ་བུའི་མེ་ཏོག་དུས་ཆེན་རིང་གི་མེ་ཏོག་ལ་གཟིགས་པའི་ལམ་ཐིག་དང་དེ་བཞིན་ས་གནས་དེ་གའི་ཡུལ་སྐོར་རིག་གནས་ཐོན་ཁུངས་ངོ་སྤྲོད་གནང་བ་རེད།
         ཉིང་ཁྲི་གྲོང་ཁྱེར་དུ་མེ་ཏོག་རྫོང་ཕུད་ལྷག་མ་རྫོང6ནས་ཁམ་བུའི་མེ་ཏོག་ལ་གཟིགས་ཐུབ་ཅིང་། དེའི་ཁྲོད་སྤོ་བོ་ཁམ་བུའི་མེ་ཏོག་གི་གཞུང་དང་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་མཛེས་ལྗོངས་ཁུལ་སོགས་སུ་ཁམ་བུའི་མེ་ཏོག་དང་གངས་རི་གཞི་གཅིག་ཏུ་འདྲེས་ནས་ཡོད་པས།  ཡུལ་སྐོར་པས་ཁམ་བུའི་མེ་ཏོག་ལ་གཟིགས་ས་ལེགས་ཤོས་སུ་འདེམས་ཀྱི་ཡོད་པ་རེད།
         ད་རེས་ཀྱི་འོས་་སྦྱོར་ཚོགས་འདུ་ཡིས་མུ་འབྲེལ་ངོ་སྤྲོད་གནང་པ་བརྒྱུད། གངས་ལྗོངས་ཀྱི་ཁམ་བུའི་མེ་ཏོག་ནི་ཉིང་ཁྲི་དྲིལ་སྒྲོག་དང་ཉིང་ཁྲི་ངོ་སྤྲོད། ཉིང་ཁྲི་མཐོར་འདེགས་གཏོང་བའི་འབྲེལ་ཟམ་གལ་ཆེན་དུ་གྱུར་ཡོད་ཅིང་། མེ་ཏོག་འབྲེལ་ཐག་ཏུ་བྱས་ཤིང་དུས་ཆེན་བརྒྱུད་གྲོགས་པོ་འཛོམས་པའི་དམིགས་ཡུལ་དུ་བྱས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1